རྒྱ་གར་གྱི་མངའ་སྡེ་ཁག་ཅིག་ནང་འོས་བསྡུ་འགོ་ཚུགས།

རྒྱ་གར་གྱི་མངའ་སྡེ་ཁག་ཅིག་གི་ནང་འོས་བསྡུ་བྱེད་པའི་བརྒྱུད་སྲིད་བློན་དང་གཞུང་འཛིན་ཚོགས་པའི་ཆེ་ཐོངས་ཐོག་སྔོན་དཔག་ཐུབ་རྒྱུ་ཡིན།

2011.04.04

༄༅༎རྒྱ་གར་གྱི་མངའ་སྡེ་ཁག་ཅིག་གི་ནང་འོས་བསྡུ་འགོ་ཚུགས་བྱས་ཡོད་པ་དེས་བར་ལམ་གཞུང་འཛིན་མི་སྣ་རེ་ཟུང་གིས་ལྐོག་ཟ་རུལ་སུངས་བྱས་པ་དང༌། ཡུལ་གྱི་ནང་བཟའ་ཆའི་རིན་གོང་ལ་འཕར་ཆ་ཆེན་པོ་ཕྱིན་པའི་གནད་དོན་གཉིས་པོས་ སྲིད་བློན་མན་མོ་ཧན་སིངྒ་མཆོག་དང་གཞུང་འཛིན་ཀོངྒ་རེསི་ཚོགས་པ་གཉིས་ཀྱི་ཆེ་ཐོངས་ལ་གནོད་ཚབས་ཇི་ཙམ་བྱུང་ཡོད་པ་སྔོན་དཔག་ཐུབ་རྒྱུ་ཡིན་པ་རེད།

དེ་རིང་རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་ནང་མང་ཚོགས་ཀྱིས་འོས་ཤོག་འཕེན་ཡོད་པ་དང༌། འོས་བསྡུ་དེ་བཞིན་རིམ་པ་གཉིས་བྱེད་རྒྱུ་ཡིན་པ་རེད། འོན་ཀྱང་ཕྱོགས་ཚང་མས་ནུབ་བེང་གལ་མངའ་སྡེ་དང་ཏ་མིལ་ཎ་དྲུ། ཀེ་རེ་ལ་བཅས་ཀྱི་འོས་བསྡུར་དོ་སྣང་ཆེ་བ་བྱ་རྒྱུ་ཡིན་པ་དང༌། མངའ་སྡེ་གསུམ་པོ་དེའི་ནང་གི་འོས་བསྡུ་ནས་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིངྒ་མཆོག་ལ་མང་ཚོགས་ཀྱིས་དགའ་མོས་ཇི་ཙམ་བྱེད་ཀྱི་ཡོད་པ་གསལ་པོ་ཆགས་རྒྱུ་ཡིན་པར་མང་པོ་ཞིག་གིས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཀོངྒ་རེསི་ཚོགས་པ་དང་དེའི་མཐུན་ཕྱོགས་ཚོགས་པ་ཁག་གིས་ནུབ་བེང་གལ་མངའ་སྡེའི་ནང་ལོ་ངོ་བཅུ་ཕྲག་གསུམ་ཙམ་རིང་དམར་ཤོག་གི་སྲིད་དབང་མཇུག་སྒྲིལ་ཐུབ་པའི་རེ་བ་ཆེན་པོ་ཡོད་པ་མ་ཟད། ལྷོ་ཕྱོགས་ཀེ་རེ་ལ་མངའ་སྡེའི་ནང་གཡོན་ཐལ་དམར་ཤོག་ཚོགས་པའི་སྲིད་དབང་འཛིན་སྐྱོང་ལ་མང་ཚོགས་ཡིད་རྨུག་པའི་གནས་སྟངས་འོག་ནས་འགྲེལ་ཐུབ་རྒྱུའི་རེ་བ་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎