ཐའེ་རྒྱལ་སའི་ནང་ཞི་འཇགས་བསྐྱར་གསོ་བྱེད་བཞིན་པ།

ཐའི་ལེནྜའི་སྲིད་བློན་ནས་རྒྱལ་ས་བེང་ཀོཀ་ནང་ཞི་བདེ་ལྷིངས་འཇགས་བསྐྱར་གསོ་བྱེད་བཞིན་སྐོར་གསུངས་པ།

2010.05.23

༄༅༎ཐའེ་ལེནྜའི་སྲིད་བློན་གྱིས་ད་ཆ་རྒྱལ་ཁབ་ནང་ཞི་བདེ་ལྷིངས་འཇགས་བསྐྱར་གསོ་བྱེད་བཞིན་ཡོད་པས་རེས་གཟའ་ཟླ་བ་ནས་སློབ་གྲ་དང་ལས་ཁུངས་ཁྲོམ་སོགས་བསྐྱར་དུ་སྒོ་ཕྱེ་རྒྱུའི་གསལ་བསྒྲགས་གནང་འདུག༎

རེས་གཟའ་ཉི་མའི་ཉིན་ཐའེ་ལེནྜིའི་སྲིད་འཛིན་ཨ་བྷིསིཏ་མཆོག་གིས་བར་ལམ་ནང་རྒྱ་ནག་ནང་སྟོད་གོས་དམར་པོ་གྱོན་པོའི་ངོ་བ་ཚོས་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་དཀའ་རྙོག་རིམ་པས་སེལ་ནས་ད་ཆ་རྒྱལ་ཁབ་ནང་སྔར་བཞིན་ཞི་བདེ་ལྷིངས་འཇགས་ཀྱི་ཁོར་ཡུག་བསྐྲུན་ཡོད་པས་རེས་གཟའ་ཟླ་བ་ནས་གཞུང་གི་ལས་ཁུངས་ཁང་དང་ཁྲོམ་རྭ་སློབ་གྲྭ་སོགས་བསྐྱར་དུ་སྒོ་ཕྱེ་རྒྱུ་ཡིན་ལུགས་བརྙན་འཕྲིན་ཐོག་ཡོངས་ཁྱབ་གསལ་བསྒྲགས་གནང་འདུག འོན་ཀྱང་རྒྱལ་ས་བེང་ཀོཀ་དང་མངའ་སྡེ་༢༣ནང་འདས་པའི་ཉིན་བཞིའི་རིང་ ཕྱི་དྲོ་ཆུ་ཚོད་བརྒྱད་པ་ནས་སྔ་དྲོའི་ཆུ་ཚོད་དྲུག་པ་བར་མི་མང་ཚོརང་ཁྱིམ་དུ་སྡོད་པ་ལས་ཕྱིར་ཐོན་མི་ཆོག་པའི་བཀོད་ཁྱབ་དེ་ཉིན་གཉིས་རིང་འཕར་འགྱངས་གནང་ཡོད་ལུགས་གསལ་བཤད་གནང་འདུག་ ཟླ་བ་གཉིས་རིང་གི་ནང་འཁྲུགས་ནང་ཡུལ་མི་༨༦གི་ཚེ་སྲོག་ཤོར་ཡོད་པ་དང་༡༩༠༠རྨས་ཡོད་འདུག་ མཐར་གཞུང་གིས་ངོ་རྒོལ་བ་ཆོར་དྲག་གནོན་སྐབས་ངོ་རྒོབ་ཚོས་རྒྱལ་ས་བེང་ཀོཀ་ཡི་ཁྲོམ་རྭ་དང་ ལས་ཁུངས་འདྲ་མིན་༣༦ཙམ་མེར་བསྲེགས་ཀྱིས་རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་དོ་ཕོགས་ཆེན་པོ་ཐེབས་ཡོད་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎