ཀམ་སྦོ་ཌི་ཡའི་དམག་མི་གཉིས་རྐྱེན་ལམ་དུ་ཕྱིན་ཡོད་པ།

ཐའེ་ལེནཌ་དང་ཀམ་སྦོ་ཌི་ཡའི་ཡུལ་གྲུ་གཉིས་ཀྱི་དཔུང་དམག་དབར་དྲག་འཐབ་ཀྱི་ཛ་དྲག་གནས་ཚུལ་ཞིག་བྱུང་བ་དེ་ད་ཆ་ལྷིང་འཇགས་སུ་གྱུར་འདུག

2008.09.16

༄༅༎ཉིན་ཤས་གོང་ཐའེ་ལེནཌ་དང་ཀམ་སྦོ་ཌི་ཡའི་ས་མཚམས་ས་ཁུལ་ཞིག་ཏུ་ཡུལ་གྲུ་གཉིས་ཀྱི་དཔུང་དམག་དབར་དྲག་འཐབ་ཀྱི་ཛ་དྲག་གནས་ཚུལ་ཞིག་བྱུང་བ་དེ་ད་ཆ་ལྷིང་འཇགས་སུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་ཐའེ་ལེནཌ་དང་ཀམ་སྦི་ཌི་ཡ་གཉིས་ཀྱི་ས་མཚམས་ཤིག་ཏུ་ནང་པའི་གནས་ཆེན་ཞིག་ཡོད་པ་དང་ཉེ་ལམ་ཞིག་ནས་ཡུལ་གྲུ་གཉིས་དབར་ས་གནས་དེའི་བདག་དབང་གི་ཐད་རྩོད་རྙོག་ཅིག་བྱུང་སྟེ་ཕྱོགས་གཉིས་ཀྱི་དམག་དཔུང་ཁུལ་དེར་འགྲེམས་འཇོག་བྱས་ཡོད་པར་བརྟེན་འདི་ཚེས་བཅོ་ལྔའི་ཉིན་དམག་དཔུང་དེ་དག་གི་དབར་འཐབ་འཁྲུག་བཤོར་ཏེ་ཀམ་སྦི་ཌི་ཡའི་དམག་མི་གཉིས་རྐྱེན་ལམ་དུ་ཕྱིན་ཡོད་པ་དང་ཐའེ་ལེནཌ་གྱི་དམག་མི་བདུན་ལ་རྨས་སྐྱོན་ཕོག་པའི་ཛ་དྲག་གི་གནས་ཚུལ་ཞིག་བྱུང་བའི་རྗེས་ས་གནས་སུ་ཡོད་པའི་ཡུལ་གྲུ་གཉིས་ཀྱི་དམག་དཔོན་རྣམས་མཉམ་འཛོམས་ཀྱིས་ཞི་མོལ་བྱས་པའི་མཐར་ད་ཆ་ཕྱོགས་གཉིས་དབར་མེ་འཕེན་མཚམས་འཇོག་བྱེད་ཐུབ་པ་བྱུང་ཡོད་པ་མ་ཟད་ཕྱིན་ཆད་གནས་ཚུལ་དེ་རིགས་མི་ཡོང་བའི་ཆེད་རྩོད་རྙོག་ཡོད་སའི་ས་ཁུལ་དུ་རྒྱལ་ཁབ་གཉིས་ཀྱི་དཔུང་དམག་ཚོས་མཉམ་སྦྲེལ་གྱི་ཐོག་ནས་སྐོར་གཡེང་བྱ་རྒྱུའི་ཐག་ཆོད་བྱུང་ཡོད་པའི་འགྲེལ་བརྗོད་བྱས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎