ཉི་ཧོང་གཞུང་མང་གཉིས་ལ་བོད་མིས་ཐུཌ་ཇེ་ཆེ་ཞུའི་མཛད་སྒོ།
2009.04.04
༄༅༎ཉི་ཧོང་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་གིས་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་དང་བསྟུན་ནས་ཉི་ཧོང་གཞུང་མང་གཉིས་ཀྱིས་བོད་མིར་གང་སྤྱིའི་ཐད་མཐུན་འགྱུར་རོགས་རམ་གནང་བར་ཐུཌ་ཇེ་ཆེ་ཞུའི་མཛད་སྒོ་ཞིག་རེས་གཟའ་པ་སངས་ཉིན་རྒྱལ་ས་ཀྲོག་ཡོའི་ནང་གོ་སྒྲིཌ་ཞུས་འདུག
ཤར་ཨེ་ཤི་ཡ་དང་ཉི་ཧོང་གི་བོད་གཞུང་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་ལགས་ཀྱིས་འདས་པའི་ལོ་ལྔ་བཅུ་རིང་ཉི་ཧོང་གཞུང་མང་གཉིས་ཀྱིས་བོད་མིར་མཐུན་འགྱུར་རོཌ་རམ་དང་བོད་དོན་རྒྱབ་སྐྱོར་གནང་བར་ཐུཌ་རྗེ་ཆེ་ཞུའི་གསུང་བཤད་གནང་བ་མ་ཟད་རྒྱ་མིས་བོད་ནང་དྲག་པོའི་བཙན་འཛུལ་བྱས་པ་ནས་བཟུང་བོད་མི་ས་ཡ་གཅིག་དང་ཕྱེད་ཀ་ལྷག་རྐྱེན་ལམ་དུ་ཕྱིན་པ་དང་བོད་ཀྱི་དགོན་སྡེ་དྲུག་སྟོང་ལྷག་གཏོར་བཤིག་བཏང་བའི་ལོ་རྒྱུས་གསུང་འདུག་ལ་རྒྱ་ནག་གཞུང་གིས་དེང་སྐབས་བོད་ནང་ཕྱི་རྒྱལ་གྱི་གསར་འགོད་པ་དང་དཔོན་རིགས་སུ་ཡང་མ་བཏང་བར་བོད་སྒོ་རྒྱབ་ཡོད་པ་དང་དྲག་པོའི་ཁྲིམས་གཞི་དམ་པ་ལྟར་བོད་མི་རྣམས་ཞེད་སྣང་དངངས་སྐྲག་འོག་གནས་པ་སོགས་དེང་སྐབས་བོད་ཀྱི་གནས་སྟངས་སྐོར་ཡང་གསུང་འདུག ཉི་ཧོང་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཡུ་ཀི་ཡོ་ཨེ་རྡ་ནོ་མཆོག་གིས་དངོས་འབྲེལ་བྱས་ན་བོད་མི་རྣམས་ཀྱིས་དཀའ་ངལ་ཁྱད་དུ་གསད་ནས་ཞི་བདེ་དང་དྲང་བདེན།བོད་རང་དབང་ཆེད་བློ་སྟོབས་ཆེན་པོའི་ངང་ནས་འཐབ་རྩོད་གནང་བཞིན་པ་དང་བོད་ཀྱི་ཆོས་དང་འཚེ་བ་མེད་པའི་རིག་གཞུང་།བོད་མིའི་སྙིང་སྟོབས་ནས་ཉི་ཧོང་མི་མང་ལ་བསླབ་བྱ་མང་པོ་ཐོབ་སྟབས་ཉི་ཧོང་གཞུང་མང་གཉིས་ཀྱིས་བོད་གཞུང་མང་གཉིས་ལ་ཐུཌ་རྗེ་ཆེ་ཞུ་ཡི་ཡིན་ཞེས་གསུངས་འདུག ཡང་ཁོང་གིས་སོག་ཡུལ་ཡང་ལོ་དགུ་བཅུ་རིང་དམར་པོའི་རིང་ལུགས་འོག་གནས་དགོས་བྱུང་ཡང་ད་ཆ་རང་དབང་སྒོ་ནས་ནང་ཆོས་ལག་བསྟར་བྱ་རྒྱུའི་ཐོབ་ཐང་ཡོད་སྟབས་བོད་ལ་ཡང་རང་དབང་ཉི་མོ་ཤར་རྒྱུ་ངེས་པ་དང་བོད་ཀྱི་གནད་དོན་ཞི་བའི་སྒོ་ནས་སེལ་ཐབས་ཆེད་ཉི་ཧོང་གྲོས་ཚོགས་བརྒྱུད་ནས་ཕྱག་ལས་མུ་མ་ཐུད་གནང་རྒྱུའི་ཞལ་བཞེས་ཀྱང་གནང་འདུག གོང་ཞུས་མཛད་སྒོའི་ཐོག་ཉི་ཧོང་གི་ཆེས་མཐོའི་མི་སྣ་གཞན་ཁག་གིས་ཀྱང་བཀའ་སློབ་གནང་བ་དང་དེའི་ནང་ཉི་ཧོང་དང་བོད་མི་ཁྱོན་བསྡོམས་བརྒྱ་དང་བདུན་བཅུ་ལྷག་མཉམ་བཞུགས་གནང་འདུག་ལ་ཉི་ཧོང་གི་གསར་ཤོག་དང་བརྙན་འཕྲིན་ལས་ཁང་སོགས་པའི་གསར་འགྱུར་བརྒྱུད་ལམ་ཁག་གིས་ཀྱང་དོ་སྣང་ཆེན་པོ་གནང་ཡོད་པའི་གནས་ཚུལ་འདུག།