ཐེ་ཝན་ཐུགས་རྗེ་ཆེ་ཞེས་བའི་ལོ་ཐོ་འགྲེམས་སྤེལ་གནང་བཞིན་འདུག


2017.12.04
ཐེ་ཝན་ཐུགས་རྗེ་ཆེ་ཞེས་བའི་ལོ་ཐོ་འགྲེམས་སྤེལ་གནང་བཞིན་པ། ༢༠༡༧།༡༢ ཐེ་ཝན་ཐུགས་རྗེ་ཆེ་ཞེས་བའི་ལོ་ཐོ་འགྲེམས་སྤེལ་གནང་བཞིན་པ། ༢༠༡༧།༡༢
tibet.net

ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་ཐེ་ཝན་ཐུགས་རྗེ་ཆེ་ཞེས་ཕྱི་ལོ་༢༠༡༨ ་ལོའི་ལོ་ཐོ་འགྲེམས་སྤེལ་འགོ་འཛུགས་གནང་འདུག
སྤྱི་ལོ་༢༠༡༨་ལོ་དེ་བཞིན་རྒྱ་གར་གཙོས་པའི་བོད་མི་དང་། བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་འཛམ་གླིང་རྒྱལ་ཁབ་ཀྱི་གཞུང་མང་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་དགོས་པའི་གཏན་འབེབས་གནང་དོན་ལྟར། ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་ཐེ་ཝན་ཐུགས་རྗེ་ཆེ་ཞེས་ཕྱི་ལོ་༢༠༡༨ ་ལོའི་ལོ་ཐོ་འགྲེམས་སྤེལ་འགོ་འཛུགས་གནང་འདུག
དེ་ཡང་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་ངོ་སྤྲོད་གནང་དོན། ལོ་ཐོ་སྤུས་ལེགས་གྲངས་ ༦༠༠༠ ་དཔར་འདེབས་ཞུས་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ་ལོ་ནི་བོད་མི་བཙན་བྱོལ་དུ་གྱར་ནས་ལོ་ ༦༠ ་དང་། ཐེ་ཝན་དོན་གཅོད་ལས་ཁུངས་བཙུགས་ནས་ལོ་ ༢༠་འཁོར་བའི་གལ་ཆེའི་དུས་ཚིགས་ཤིག་ཡིན་པས། ཐེ་ཝན་གཞུང་དང་། གཞུང་འབྲེལ་མ་ཡིན་པ། བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་ཁག བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་ལག་དེབ་སྔོན་པོའི་ཚོགས་མི། སྔ་བར་ཕྱི་གསུམ་དུ་དོན་གཅོད་ལས་ཁུངས་ལ་རྒྱབ་སྐྱོར་གནང་མཁན་སོགས་ལ་ཐུགས་རྗེ་ཆེ་མཚོན་ཆེད་རིན་མེད་འགྲེམས་སྤེལ་ཞུས་པ་ཞིག་ཡིན་ཞེས་གསུངས་འདུག
ལོ་ཐོའི་ནང་དོན་གཙོ་བོ་ནི། ༧གོང་ས་མཆོག་ཐེ་ཝན་ནང་ཆིབས་སྒྱུར་དང་འབྲེལ་བའི་སྐུ་པར་ཡིན་པ་དང་། ལོ་ཉི་ཤུ་ནང་ཐེ་ཝན་གཞུང་མང་གཉིས་ཀྱིས་བོད་དོན་ཐོག་ཆབ་སྲིད་དང་། དཔལ་འབྱོར། ཤེས་ཡོན་སོཊ་ཀྱི་ཐད་འབྲེལ་ལམ་དང་རྒྱབ་སྐྱོར་གནང་བའི་བརྒྱུད་རིམ་སྙིང་བསྡུས་དང་ལག་དེབ་སྔོན་པོའི་དོན་སྙིང་སོགས་ངོ་སྤྲོད་བཅས་ཡིན་པ་རེད།

གསར་འགོད་པ་ཀརྨ་རྒྱ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎