༸གོང་ས་མཆོག་གིས་ལ་དྭཌ་ལ་ཆོས་འབྲེལ་དབུ་བཙུཌ་གནང་བ།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་སླེ་ཁུལ་ཆོས་འབྲེལ་དབུ་བཙུགས་གནང་ཡོད་པའི་གནས་ཚུལ་ཐོན་འདུག

2009.08.24

༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་སླེ་ཁུལ་ཆོས་འབྲེལ་དབུ་བཙུགས་གནང་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་མཛད་འཆར་གཞིར་བཟུང་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་ཆིབས་བསྒྱུར་གྱིས་ཐོག་མར་ཟང་དཀར་ཁུལ་ཆོས་འབྲེལ་བསྐྱངས་གནང་ཡོད་པ་དང་དེ་ནས་བདུན་ཕྲག་སྔོན་མའི་རེས་གཟའ་སྤེན་པའི་ཉིན་ནས་བཟུང་སླེ་ཁུལ་ཆོས་འབྲེལ་གནང་རྒྱུ་དབུ་བཙུགས་གནང་ཡོད་འདུག

༸གོང་ས་མཆོག་གིས་དེང་སང་གི་དུས་ཚོད་ཉག་ཕྲ་བའི་སྐབས་འདིར་གཙོ་བོ་ནང་སེམས་ཀྱི་བཅོས་བསྒྱུར་གཏོང་ཐུབ་པ་དང་བྱང་ཆུབ་ཀྱི་སེམས་བསྐྱེས་ཐུབ་པ་གཞན་ཕན་གྱི་བསམ་བློ་འཁྱེར་ཐུབ་པ་བྱུང་བ་ཡིན་ན་རང་ཉིད་ལ་བདེ་སྐྱིད་བྱུང་བ་ཙམ་མ་ཡིན་པ་འཛམ་གླིང་ཀུན་ལ་བདེ་སྐྱིད་དང་ཞི་བདེ་སྐྲུན་ཐུབ་པ་ཞིག་ཡོང་གི་རེད་ཅེས་བཀའ་གནང་ནས་གསུང་ཆོས་བཀྲིན་བསྩལ་གནང་ཡོད་འདུག

༸གོང་ས་མཆོག་གི་གསུང་ཆོས་ཞུ་བར་བཅར་མཁན་ས་གནས་ཡུལ་མི་དང་བོད་མི་ཙམ་མ་ཡིན་པར་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་ཡོང་མཁན་མང་པོ་ཞིག་ཀྱང་བཅར་ཡོད་འདུག་ལ་༸གོང་ས་མཆོག་ལ་དྭགས་ཁུལ་ཞབས་བཅགས་པ་ཙམ་གྱི་ཚོར་སྣང་མི་འདྲ་བ་ཞིག་ཡོང་གི་འདུག་ཅེས་ལ་དྭགས་ཀྱི་དགེ་འདུན་པ་སྐུ་ཞབས་ཚེ་དབང་རིག་འཛིན་གྱིས་འགྲེལ་བརྗོད་བྱས་འདུག ཁོང་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་གསུང་ཆོས་གནང་བའི་སྐབས་མང་ཚོགས་ལ་གོ་སླ་བ་དང་སེམས་ནང་འཇུག་བདེ་བ་སོགས་ཡོང་གི་འདུག་ལ་ཁོང་འདིར་ཞབས་སོར་འཁོད་གནང་བ་ཙམ་གྱིས་ང་ཚོ་སྐལ་བ་བཟང་པོ་ཡིན་བསམ་གྱི་འདུག་ལ་སྦྱིན་རླབས་ཆེ་རུ་འགྲོ་གི་ཡོད་རེད་ཅེས་གསར་འགྱུར་བཀོད་མཁན་ལ་དགའ་ཚོར་ཆེན་པོའི་ཐོག་ནས་འགྲེལ་བརྗོད་བྱས་འདུག

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེར་ཟླ་བ་འདིའི་ཟླ་མཇུག་བར་བཞུགས་རྒྱུའི་མཛད་འཆར་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎