༸གོང་ས་མཆོག་ཨ་རིའི་ནང་ཞབས་སོར་འཁོད་གནང་མཛད་པ།
2011.05.01
༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ནས་ཨ་མི་རིའི་ས་ཁུལ་ཁག་ནང་ཆིབས་བསྒྱུར་གྱིས་མཛད་འཆར་དབུ་འཛུགས་གནང་གི་ཡོད་རེད༎
ཕྱི་ཟླ་ ༥ ཚེས་ ༡ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ཀེ་ལི་ཕོརྞི་ཡ་མངའ་སྡེའི་ལོ་སེ་ཨེན་ཇེ་ལེསི་གྲོང་ཁྱེར་ནང་ཞབས་སོར་འཁོད་དེ་ཐོག་མར་དགའ་ལྡན་ཤར་རྩེ་ཐུབ་བསྟན་དར་རྒྱས་གླིང་དུ་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་བཀའ་དབང་སྩལ་རྒྱུ་དང་ས་གནས་ཀྱི་མི་མང་ལ་བཀའ་སློབ་སྩལ་རྒྱུདང་ དེ་བཞིན་དགའ་ལྡན་ཤར་རྩེ་ཐུབ་བསྟན་དར་རྒྱས་གླིང་གིས་གོ་སྒྲིག་ཞུས་པ་བཞིན་འཇིག་རྟེན་པའི་བཟང་སྤྱོད་དང་སྒོམ་གྱི་སྐོར་ལ་བཀའ་སློབ་སྩལ་རྒྱུ་ཡིན་འདུག།
ཚེས་༢ཉིན་གྲོང་ཁྱེར་དེའི་གཙུག་ལག་སློབ་གྲའི་ནང་ཆོས་སློབ་གཉེར་ཁང་དུ་༸གོང་ས་མཆོག་གིས་ཅི་ཞིག་ལ་ཤེས་རབ་ངོ་མ་ཟེར་ ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་སྩལ་རྒྱུ་དང་ སེ་མལ་དབང་རྩའི་ཚན་རིག་དང་འགྲོ་བ་མིའི་ཀུན་སྤྱོད་ལྟེ་གནས་ཁང་གཉིས་ཀྱིས་གོ་སྒྲིག་ཞུས་པ་ལྟར་ ནང་ཆོས་དང་དབང་རྩའི་ཚན་རིག་བགྲོ་གླེང་གི་ཚོགས་མགོན་དུ་ཆིབས་སྒྱུར་གྱིས་མཉམ་ཞུགས་གནང་རྒྱུ་ཡིན་འདུག།
ཚེས་ ༣ ལྷོ་ཀེ་ལི་ཕོར་ནི་ཡ་གཙུག་ལག་སློབ་གྲྭ་ཆེན་མོར་ འཇིག་རྟེན་པའི་བཟང་སྤྱོད་དང༌། འགྲོ་བ་མིའི་རིན་ཐང༌། སྤྱི་ཚོགས་བཅས་ཀྱི་བརྗོད་གཞིའི་ཐོག་མི་མང་ལ་བཀའ་སློབ་སྩལ་རྒྱུ།
ཚེས་ ༣ ལྷོ་ཀེ་ལི་ཕོར་ནི་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་ཆོས་ལུགས་ཕན་ཚུན་སློབ་མའི་ལྷན་ཚོགས་ནས་གོ་སྒྲིག་ཞུས་པ་༸གོང་ས་ མཆོག་ནས འཇིག་རྟེན་པའི་བཟང་སྤྱོད་དང་། དེའི་འབྱུང་ཁུངས། ངོ་བོ། བྱེད་ལས་བཅས་ཀྱི་བརྗོད་གཞིའི་བཞུགས་མོལ་ལྷན་ཚོགས་སུ་ཆིབས་སྒྱུར་མཉམ་ཞུགས་གནང་རྒྱུ།
ཚེས་ ༤ ཉིན་ཀེ་ལི་ཕོར་ནི་ཡའི་ལོང་བིཇ་རུ་༸གོང་ས་མཆོག་ལ་རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་འོད་སྣང་གི་སྒྲོན་མེ་ཞེས་པའི་གཟེངས་རྟགས་འབུལ་བཞེས་མཛད་རྒྱུ་དང༌། འགྲོ་བ་མིའི་ཐོབ་ཐང་སྐོར་བཀའ་སློབ་སྩལ་རྒྱུ། དེ་བཞིན་ཨར་ལྦིན་ཀེ་ལི་ཕོར་ནི་ཡའི་གཙུག་ལག་སློབ་གྲྭ་ཆེན་མོར་ བྱམས་སྙིང་རྗེ་དང༌། གོ་ལའི་དབུ་ཁྲིད་ཅེས་པའི་བརྗོད་གཞིའི་ཐོག་ན་གཞོན་འགོ་ཁྲིད་ཚོ་དང་མཉམ་བགྲོ་གླེང་ཚོགས་མགོན་དུ་མཉམ་ཞུགས་གནང་རྒྱུ། ཚེས་ ༨ ཉིན་ མེ་ནེ་སོ་ཊ་མངའ་སྡེའི་མེ་ནེ་པོ་ལི་སི་རུ་མེ་ནེ་སོ་ཌ་མཐོ་སློབ་ཀྱི་ཆོས་ལུགས་དང་ནད་རིགས་གསོ་ཐབས་ཚན་ཁག་དང་། མེ་ནེ་སོ་ཌ་བོད་རིགས་སྤྱི་མཐུན་ཚོགས་པ་བཅས་ཀྱིས་གོ་སྒྲིག་ཞུས་པ་ལྟར་སངས་རྒྱས་སྨན་བླའི་རྗེས་གནང་སྩལ་རྒྱུ་དང་ དེ་བཞིན་་ས་གནས་མཐོ་སློབ་ཀྱི་ཆོས་ལུགས་དང་ནད་རིགས་གསོ་ཐབས་ཚན་ཁག་དང་། མེ་ནེ་སོ་ཊ་བོད་རིགས་སྤྱི་མཐུན་ཚོགས་པ་བཅས་ཀྱིས་གོ་སྒྲིག་ཞུས་པ་ལྟར་ྋགོང་ས་༸སྐྱབས་མཆོག་ནས་ནང་སེམས་ལས་བྱུང་བའི་ཞི་བདེ་ཞེས་པའི་བརྗོད་གཞིའི་ཐོག་མི་མང་ལ་བཀའ་སློབ་སྩལ་རྒྱུ།
ཚེས་ ༡༡ ཨར་ཀན་སའ་གཙུག་ལག་སློབ་གྲྭ་ཆེན་མོ་ནས་གོ་སྒྲིག་ཞུས་པ་ལྟར་སྤྱི་ནོར་༸གོང་ས་མཆོག་ནས་ འཚེ་མེད་ཞི་བའི་ཐབས་ལམ་དུ་མ་ཞེས་པའི་བརྗོད་གཞིའི་བཞུགས་མོལ་ལྷན་ཚོགས་སུ་མཉམ་ཞུགས་གནང་རྒྱུ་དང་ དུས་རབས་གསར་པའི་ནང་འཚེ་མེད་ཞི་བ་ཞེས་པའི་བརྗོད་གཞིའི་ཐོག་མི་མང་ལ་བཀའ་སློབ་སྩལ་རྒྱུ།
ཚེས་ ༡༣ དང་ ༡༤ ཉིན་ཨ་རི་བོད་ཁང་གིས་གོ་སྒྲིག་ཞུས་པ་ལྟར་འཚེ་མེད་ཞི་བའི་ནུས་སྟོབས་སྐོར་གྱི་ཞི་བདེའི་སློབ་གསོའི་ཚོགས་འདུར་སྤྱི་ནོར་ྋགོང་ས་མཆོག་མི་སྣ་གྲགས་ཅན་ཁག་དང་ལྷན་དུ་དབུ་བཞུགས་བགྲོ་གླེང་མཛད་རྒྱུ་ཡིན་འདུ། ཞིབ་ཁྲའི་གནས་ཚུལ་ང་ཚོའི་ཆེད་གཏོང་གསར་འགོད་པས་གནས་ཚུལ་བཏང་འབྱོར་ཁག་རིམ་བཞིན་རྒྱ་སྲིང་ཞུ་གི་རེད༎