༸གོང་ས་མཆོག་ནས་ཨ་རིའི་ནང་གསུང་ཆོས།

༸གོང་ས་མཆོག་གིས་ཨ་རིའི་ལི་ཧཡི་གཙུག་ལག་སློབ་གཉེར་ཁང་ནང་བྱམས་སྙིང་རྗེ་དང་བརྩེ་བའི་སྐོར་བླང་དོར་གྱི་བཀའ་སློབ་གནང་ཡོད་པ་རེད་

2008.07.14

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་པེན་སིལ་ལྦེ་ནི་ཡ་མངའ་སྡེའི་ལི་ཧཡི་གཙུག་ལག་སློབ་གཉེར་ཁང་ནང་མི་མང་ ༥༠༠༠ ལྷག་གི་བསྡུ་ཚོགས་ཤིག་སར་བྱམས་སྙིང་རྗེ་དང་བརྩེ་བའི་སྐོར་བླང་དོར་གྱི་བཀའ་སློབ་གནང་ཡོད་པ་རེད་

རེས་གཟའ་ཉི་མའི་༸གོང་ས་མཆོག་གི་བཀའ་སློབ་གསུང་བཤད་ནང་བྱམས་པ་དང་བརྩེ་བ་དེ་གཙོ་བོ་ཞིག་ཆགས་ཀྱི་ཡོད་པ་དང་ རྩ་ཆེར་འཛིན་པའི་རིན་ཐང་དེ་དག་གིས་འཛམ་གླིང་གི་སྤྱི་ཚོགས་ནང་ཤུགས་རྐྱེན་ཐེབས་རྒྱུར་དང་ཐོག་མི་སྒེར་སོ་སོའི་སེམས་ནང་ཞི་བདེ་འབྱུང་དགོས་པའི་བཀའ་སློབ་ཕེབས་ཡོད་པ་རེད་ ༸གོང་ས་མཆོག་གིས་གནད་དོན་གང་ཞིག་ཐོག་ཕྱག་ལས་གནང་གི་ཡོད་སྐོར་བཀའ་གནང་ཡོད་ཅིང་ དེ་ཡང་གནད་དོན་དང་པོ་དེ་འགྲོ་བ་མི་འཚོ་གནས་ཐུབ་པར་བྱེད་པའི་མིའི་ཚོར་བའི་རིན་ཐང་གི་གནད་དོན་དང་ གཉིས་པ་ནང་པ་སངས་རྒྱས་པའི་ཆོས་ལ་ཡིད་ཆེས་བྱེད་མཁན་ཞིག་ཡིན་པའི་ཆ་ནས་འཛམ་གླིང་གི་ཆོས་ལུགས་དབར་མཛའ་མཐུན་ཡོང་རྒྱུར་དར་སྤེལ་གནང་རྒྱུ་དེ་ཡིན་སྐོར་བཀའ་གནང་འདུག

ཡང་མང་ཚོགས་ཁོངས་ནས་འདྲི་བ་ཞིག་གི་བཀའ་ལན་དུ་འཛམ་གླིང་ནང་ཁ་ཆེའི་དྲག་སྤྱོད་ཀྱི་ལས་དོན་གཞི་རྒྱ་ཆེ་རུ་ཕྱིན་པ་དེར་ཁ་ཆེའི་ཆོས་ལུགས་དེ་དྲག་སྤྱོད་པའི་ཆོས་ལུགས་ཤིག་ལ་ངོས་འཛིན་བྱས་ན་དེ་ནི་ནོར་བ་དང་དྲང་བདེན་ཞིག་ཆགས་ཀྱི་མེད་སྐོར་བཀའ་ལན་གནང་འདུག མང་ཚོགས་ཀྱི་འདྲི་བ་ཁག་ཅིག་ལ་ལན་འདེབས་གནང་བའི་རྗེས་ལི་ཧཡི་གཙུག་ལག་སློབ་གཉེར་ཁང་གིས་༸གོང་ས་མཆོག་ལ་འགྲོ་བ་མིའི་ཡིག་རིགས་ཐོག་མཁས་པ་ཞེས་པའི་ཕྱག་འཁྱེར་དེ་འབུལ་བཞེས་གནང་ཡོད་པ་རེད་ ཕྱག་འཁྱེར་འབུལ་བཞེས་བསྐྱངས་བའི་རྗེས་༸གོང་ས་མཆོག་གིས་སྐུ་ཚེ་མ་ཟིན་དབར་འགྲོ་བ་མིའི་བདེ་དོན་ཆེད་ཕྱག་ལས་གནང་རྒྱུའི་བཀའ་བཞེས་ཡང་གནང་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎