དབྱིན་ཡུལ་གྲོང་སྡེ་ཞིག་ནས་༸གོང་ས་མཆོག་ལ་ཆེ་བསྟོད་ཞུས་པ།

དབྱིན་ཡུལ་གྱི་ནོ་ཀྲིང་ཧེམ་གྲོང་སྡེ་ལས་ཁུངས་ནས་༸གོང་ས་མཆོག་ལ་ཆེ་བསྟོད་ཀྱི་སྣེ་ལེན་ཟབ་རྒྱས་ཞུས་འདུག།

2008.05.28

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ཟླའི་ཚེས་ ༢༤ ནས་བཟུང་དབྱིན་ཡུལ་གྱི་ནོ་ཀྲིང་ཧེམ་གྲོང་ཁྱེར་ནང་ཆིབས་བསྒྱུར་གནང་ནས་ཁུལ་དེའི་ནང་། རྗེ་ཙོང་ཁ་པ་ཆེན་པོས་མཛད་པས་རྟེན་འབྲེལ་བསྟོད་པའི་ཆོས་འབྲེལ་བཀྲིན་སྩལ་གནང་བཞིན་ཡོད་པ་ནས་ཁ་ས་རེས་གཟའ་མིག་དམར་ཉིན་ཁུལ་དེའི་གྲོང་སྡེ་ལས་ཁུངས་ནས་གོ་སྒྲིག་གནང་བའི་འོག་གཞུང་འབྲེལ་ཕེབས་བསུའི་སྣེ་ལེན་གྱི་མཛད་སྒོ་ཞིག་ཐོག་ཕེབས་བཞུགས་གནང་ཡོད་པ་རེད། མཛད་སྒོའི་ཐོག་གྲོང་སྡེ་ལས་ཁུངས་ཀྱི་སྤྱི་ཁྱབ་ཀྱི་གཙོས་གནད་ཡོད་མི་སྣ་མང་པོ་ཞིག་བཅར་ཡོད་པ་དང༌། སྐབས་དེར་སྤྱི་ཁྱབ་ལྕམ་སྐུ་ཇོན་ཀྲེ་ལར་མཆོག་གིས། ད་རེས་གྲོང་ཁྱེར་འདིའི་ནང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་ལྟ་བུའི་ནོ་སྦེལ་ཞི་བདེའི་དེད་དཔོན་ཆེན་པོ་ཞབས་སོར་འཁོད་གནང་མཛད་པའི་འདི་ནི་དགའ་སྤོབས་འོས་པ་ཞིག་རེད་ཅེས་ཐུགས་རྗེ་ཆེ་ཞུས་གནང་བ་དང་། ཆབས་ཅིག་༸གོང་ས་མཆོག་འདི་ཁུལ་ཆིབས་བསྒྱུར་གནང་བ་དེས་རྒྱལ་སྤྱིའི་ནང་། གྲོང་ཁྱེར་འདིའི་མཚན་ཐོངས་ཆེ་རུ་འགྲོ་རྒྱུར་ཡང་ཕན་ཐོགས་ཆེན་པོ་ཡོང་རེ་ཡོད་ལུགས་གསུངས་ནས་༸གོང་ས་མཆོག་ལ་ཆེ་བསྟོད་ཞུས་ཡོད་

པ་རེད།

༸གོང་ས་མཆོག་ནས་ཀྱང་མཛེས་སྡུག་ལྡན་པའི་གྲོང་ཁྱེར་འདིའི་ནང་ཆིབས་བསྒྱུར་གནང་ཐུབ་པ་དང་། ལྷག་པར་དུ་ས་གནས་དཔོན་རིགས་དང་། ས་གནས་ཡུལ་མི་ཚོས་ཕེབས་བསུའི་སྣེ་ལེན་གནང་སྟངས་ལ་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་གནང་འདུག།

དེ་དང་ཕྱོགས་མཚུངས་ཁུལ་དེའི་ནང་ཡོད་པའི་སོག་པོའི་གཞུང་ཚབ་ཁང་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཁ་ས་སོག་པོའི་མི་རིགས་བདུན་བརྒྱད་ལྷག་ཙམ་ལ་མཇལ་ཁ་གནང་ཡོད་པ་དང་། ༸གོང་ས་མཆོག་ནས་རྒྱུན་ལྡན་ནས་ཁ་འདོན་བྱེད་རྒྱུ་ཙམ་མ་ཡིན་པར་ནང་ཆོས་ཀྱི་དོན་སྙིང་གོ་རྟོག་ཐུབ་པ་བྱེད་རྒྱུ་གལ་འགངས་ཆེན་པོ་ཡིན་ལུགས་བཀའ་སློབ་གནང་ཡོད་པ་བཅས་གྲོང་ཁྱེར་དེའི་ནང་ཉིན་གྲངས་ལྔའི་རིང་ཆོས་འབྲེལ་གནང་རྒྱུན་རིང་མི་གྲངས་ལྔ་སྟོང་ལྷག་ཙམ་ཆེད་བཅར་ཞུས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎