༸གོང་ས་མཆོག་ནས་ཌེན་མཀ་དུ་མཛད་དོན་སྐོར།

༸གོང་ས་མཆོག་གིས་ཌེན་མཀ་ནང་གསུང་ཆོས་དང་ཡུལ་དེའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་དང་མཇལ་འཕྲད་ཀྱི་མཛད་འཆར་སྐྱངས་ཡོད་པ་རེད།

2009.06.01

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རེས་གཟའ་ཉི་མ་ཉིན་ཌེན་མཀ་ནང་གསུང་ཆོས་དང་ཡུལ་དེའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་དང་མཇལ་འཕྲད་ཀྱི་མཛད་འཆར་སྐྱངས་ཡོད་པ་རེད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རེས་གཟའ་ཉི་མའི་ཉིན་ཆོས་ཞུ་བ་སུམ་སྟོང་དྲུག་བརྒྱ་སྐོར་ཞིག་ལ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་ལམ་འབྲེལ་དང་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པའི་གསུངས་ཆོས་བཀའ་དྲིན་སྐྱངས་ཡོད་པ་རེད། ཡང་ཉིན་དེར་༸གོང་ས་མཆོག་གིས་ཌེན་མཀ་ཀྱི་སྲིད་དོན་ཚོགས་པ་འདྲ་མིན་འདུས་པའི་གྲོས་ཚོགས་འཐུས་མི་ཉི་ཤུ་སྐོར་ཞིག་དང་མཇལ་འཕྲད་གནང་བའི་ཁོངས་ཕྱི་སྲིད་བློན་ཆེན་ཟུར་པ་མཱོ་གེན་སི་ལའེ་ཀེ་ཀྲོཕ་མཆོག་ཡང་ཕེབས་ཡོད་པ་རེད། ༸གོང་ས་མཆོག་གིས་ཌེན་མཀ་ཀྱི་སྲིད་བློན་ལའར་སེ་ལོ་ཀེ་རེ་སི་མུ་སེན་མཆོག་དང་ཕྱི་སྲིད་བློན་ཆེན་རྣམ་གཉིས་མཇལ་འཕྲད་གནང་བ་དེར་རྒྱ་ནག་གཞུང་གིས་ཁོང་ཁྲོའི་རྣམ་པའི་ཐོག་ཌེན་མཀ་ཀྱིས་རྒྱ་ནག་དང་ཡུལ་དེའི་འབྲེལ་བར་གནོད་ཚབས་ཀྱི་བྱ་ཐབས་སྤེལ་བའི་སྐྱོན་བརྗོད་བྱས་ཡོད་པ་རེད།

ཡིན་ནའང་༸གོང་ས་མཆོག་གིས་ད་ཐེངས་ཀྱི་ཡོ་རོབ་ཀྱི་ཡུལ་གྲུ་ཁག་ཅིག་གི་མཛད་འཆར་དེ་གཙོ་བོ་ཆོས་ཕྱོགས་དང་སློབ་གསོའི་སྐོར་དང་སྲིད་དོན་གྱི་མི་སྣ་མཇལ་འཕྲད་གནང་བ་དེ་འབྲེལ་ཡོད་སྲིད་དོན་པ་རྣམས་ཀྱིས་༸གོང་ས་མཆོག་མཇལ་འཕྲད་གནང་རྒྱུའི་འདུན་པ་བཏོན་ནས་གནང་བ་ཞིག་དང་དེ་ཡང་བོད་མིའི་བདེ་དོན་དང་འབྲེལ་བའི་མཛད་འགན་ཡོད་སྐོར་བཀའ་གནང་འདུག ཁ་ཉིན་རེས་གཟའ་ཉི་མ་ཉིན་༸གོང་ས་མཆོག་ཌེན་མཀ་ནང་བཞུགས་ཡུལ་མགྲོན་ཁང་ནས་ཨའེ་སེ་ལེནདྲ་ལ་ཕེབས་ཐོན་གནང་སྐབས་མི་མང་བརྒྱ་ཕྲག་མང་པོས་སྤྲོ་བ་ཆེན་པོའི་རྣམ་འགྱུར་ཐོག་ཕེབས་ཐོན་མཇལ་ཁ་ཞུས་ཡོད་པའི་གནས་ཚུལ་ཐོན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎