༸གོང་ས་མཆོག་གི་ཨའེ་སི་ལེན་ཌིའིི་མཛད་འཆར་ལེགས་སྒྲུབ།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཨའེ་སི་ལེན་དྲིའི་ནང་གི་ཉིན་གཉིས་རིང་གི་མཛད་འཆར་ཁག་ལེགས་སྒྲུབ་གནང་ཡོད་པ་རེད།

2009.06.03

༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཨའེ་སི་ལེན་དྲིའི་ནང་གི་ཉིན་གཉིས་རིང་གི་མཛད་འཆར་ཁག་ལེགས་སྒྲུབ་གནང་ཡོད་པ་རེད།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དྲུག་པའི་ཚེས་གཅིག་ཉིན་ཨའེ་སི་ལེན་ཌིའི་ནང་མཛད་འཆར་ཐོག་མར་ཁུལ་དེའི་ཆོས་དཔོན་སྐུ་ཞབས་ཀལ་སི་གུར་སྦི་ཡོརྣ་སེན་ནས་གོ་སྒྲིག་གནང་བའི་ཁུལ་དེའི་ཡེ་ཤུའི་ཆོས་ཁང་ཆེ་ཤོས་གིརིམ་སི་ཀིར་ཧ་ཞེས་པའི་ནང་ཆོས་ལུགས་རིས་མེད་ཀྱི་སྨོན་ལམ་གསོལ་འདེབས་ཤིག་གི་ཐོག་ལྷན་ཞུགས་གནང་བའི་རྗེས་སུ་ཁ་ས་ཚེས་གཉིས་ཉིན་ཁུལ་མི་མང་གསུམ་སྟོང་ཙམ་ལ་བྱམས་བརྩེ་དང་རིན་ཐང་བདེ་སྐྱིད་བཅས་ཀྱི་སྐོར་བཀའ་སློབ་བཀྲིན་བསྐྱང་གནང་ཡོད་པ་རེད། དེ་ཡང་༸གོང་ས་མཆོག་གིས་མིའི་མི་ཚེའི་ནང་བྱམས་བརྩེའི་རང་བཞིན་གྱི་རྒྱུད་སྦྱང་ཤེས་བྱེད་དགོས་ཡས་དེ་ཧ་ཅང་གི་གལ་འགངས་ཆེན་པོ་ཡིན་པའི་སྐོར་སོགས་བཀའ་གནང་ཡོད་པ་རེད། དེར་དམངས་ཁྲོད་ཀྱི་བཀའ་སློབ་ཁག་སྒྲུབ་པའི་རྗེས་རིམ་བཞིན་ཡུལ་དེའི་མི་མང་གིས་ད་ལྟའི་འཛམ་གླིང་གི་དཔལ་འབྱོར་གནས་སྟངས་ཀྱི་རྐྱེན་པས་ཡུལ་དེའི་ནང་དཔལ་འབྱོར་གྱི་ཐོག་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད་པའི་སྐོར་སོགས་ཀྱི་འདྲི་བ་ཁག་ལ་ལན་འདེབས་གནང་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་རེས་ཨའེ་སི་ལེན་དྲིའི་ནང་ཆིབས་བསྒྱུར་བསྐྱང་གནང་སྟེ་དེར་ཆོས་ཕྱོགས་ཀྱི་མཛད་རིམ་དང་དེ་བཞིན་དམངས་ཁྲོད་དུ་བྱམས་སྙིང་རྗེའི་སྐོར་གྱི་བཀའ་སློབ་བཀྲིན་བསྐྱང་གནང་བ་མ་ཟད་ཡུལ་དེའི་དཔོན་རིགས་ཁག་དང་མཇལ་འཕྲད་གནང་རྒྱུའི་ཐོག་ལ་རྒྱ་ནག་གཞུང་གིས་ངོ་རྒོལ་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎