དབྱིན་ཇིའི་རྒྱལ་སྲས་འཁྲུངས་རྟེན་ལ་འཚམས་འཕྲིན།
2011.04.29
༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབྱིན་ཇིའི་རྒྱལ་སྲས་ལྦི་ལིཡེམ་དང་ཁོང་གི་སྐུ་ཟླ་མཛའ་གྲོགས་ཀེཏ་རྣམ་གཉིས་ཀྱི་འཇིག་རྟེན་གཉེན་སྒྲིག་མཛད་སྒོར་འཚམས་འཕྲིན་བསྩལ་གནང་ཡོད་འདུག
གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཉི་ཧོང་གི་རྒྱལ་ས་ཁྲོག་ཁྱོར་དུ་ཉེ་ཆར་ཉི་ཧོང་ནང་ས་ཡོམ་དང་རྒྱ་མཚོའི་མཚོ་རླབས་ཀྱི་གནོད་འཚེ་ཚབས་ཆེ་ཕོག་ནས་མི་ཁྲི་ཕྲག་མང་པོ་རྐྱེན་འདས་སུ་ཕྱིན་པ་ཚོར་ཐུགས་སྨོན་སྐྱབས་མཇུག་དང་ རྗེས་ཤུལ་ནང་མི་ཚོར་ཐུགས་གསོའི་ཆོས་ལུགས་ཀྱི་མཛད་འཆར་གྲུབ་གནང་ཡོད་པ་དང་ དེའི་སྐབས་གསར་འགོད་པས་དབྱིན་ཇིའི་རྒྱལ་སྲས་ཀྱི་འཁྲུངས་སའི་སྐོར་བཀའ་འདྲི་ཞུས་པའི་སྐབས་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྲས་ལྦི་ལིཡེམ་དང་མཛའ་གྲོགས་ཀེཏ་རྣམ་གཉིས་ཀྱི་འཁྲུངས་སར་རྟེན་འབྲེལ་གྱི་ཕྱག་ཡིག་སྩལ་བའི་སྐོར་བཀའ་ལན་གནང་འདུག
དེ་རིང་གཟའ་པ་སངས་ཀྱི་ལོན་ཀྲོན་གྱི་ཚོུད་བཅུ་གཅིག་ནས་འགོ་ཚུཌ་ཏེ་རྒྱས་སྲས་ལྦི་ལིཡེམ་དང་ཀེཏ་རྣམ་གཉིས་ཀྱི་འཁྲུངས་སའི་རྟེན་འབྲེལ་མཛད་སྒོ་ཚུགས་ཡོད་པ་དང་ དེ་ནི་ཕྱི་ལོ་༡༩༨༡ལོར་རྒྱལ་སྲས་ལྦི་ལིཡེམ་གྱི་ཡབ་རྒྱལ་སྲས་ཆའལ་སེ་དང་ཡུམ་དམ་པ་ཌའེ་ན་རྣམ་གཉིས་འཁྲུངས་ས་སྐྱོན་པའི་རྗེས་ཀྱི་ལོ་ངོ་སུམ་ཅུ་ཙམ་རིང་ དབྱིན་ཇའི་རྒྱལ་ཁང་གི་རྟེན་འབྲེལ་གྱི་མཛད་སྒོ་ཆེ་ཤོས་ཤིག་ཆགས་ཡོད་པ་དང་ ད་རེས་རྒྱལ་སྲས་ལྦི་ལིཡེམ་གྱི་འཁྲུངས་སའི་རྟེན་འབྲེལ་མཛད་སྒོ་དེར་ལོན་ཀྲོན་ནང་མི་གྲངས་ས་ཡ་བརྒལ་བ་ལྟད་མོ་ལྟ་བར་ཡོང་གི་ཡོད་པ་མ་ཟད་འཛམ་གླིང་ཁྱོན་ཡོངས་སུ་བརྙན་འཕྲིན་བརྒྱུད་ནས་ལྟད་མོ་ལྟ་མཁན་མི་གྲངས་ཐེར་འབུམ་གཉིས་ལྷག་ཟིན་ཡོད་འདུག