༸གོང་ས་མཆོག་གི་ཨ་རིའི་ནང་གི་ཆོས་འབྲེལ་སྐོར།

༸གོང་ས་མཆོག་ནས་ཁ་ཆེའི་ཆོས་ནི་དྲག་ཤུགས་ལ་བརྟེན་པའི་ཆོས་ལུགས་ཤིག་ཡིན་པའི་མཐོང་ཚུལ་དེ་དྲང་པོ་མ་རེད་ཅེས་གསུང་ཡོད་པ་རེད་

2008.07.14

༄༅༎བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་ས་རེས་གཟའ་ཉི་མའི་ཉིན་ཨ་མི་རི་ཀའི་པེན་སིལ་ལྦེ་ནི་ཡ་མངའ་སྡེའི་ནང་གི་ཆེས་མཐོའི་སློབ་གྲྭར་དད་ལྡན་ཆོས་ཞུ་བ་ཚོས་གཙོས་པས་ བཀའ་སློབ་ལམ་སྟོན་གསན་པར་ངོ་བཅར་ཞུ་མཁན་ཚོར་བཀའ་སློབ་སྩལ་བའི་སྐབས་སུ་ དེར་འཛོམས་པའི་ཨ་མི་རི་ཀ་བ་འགའ་ཞིག་གིས་ཁ་ཆེའི་ཆོས་ལུགས་སྐོར་བཀའ་འདྲི་ཞུས་པའི་བཀའ་ལན་དུ་ ཁ་ཆེའི་ཆོས་ནི་དྲག་ཤུགས་ལ་བརྟེན་པའམ་འཚེ་བར་བརྟེན་པའི་ཆོས་ལུགས་ཤིག་ཡིན་པར་མཐོང་ཚུལ་འཛིན་པ་ནི་ མཐའ་གཅིག་ཏུ་ཚུལ་དང་མི་མཐུན་པའམ་དྲང་པོ་མ་རེད་ཅེས་གསུང་ཡོད་པ་རེད་ ཨ་མི་རི་ཀའི་ཐོག་དགུ་༡༡གི་དོན་རྐྱེན་ལངས་པ་ནས་བཟུང་ ༸གོང་ས་མཆོག་གིས་འཛམ་གླིང་གི་ཁ་ཆེ་ཚོ་དང་འབྲེལ་བ་གནང་ཐབས་གནང་བ་ཡིན་ཞེས་མཇུག་བསྣོན་གནང་ཡོད་པ་རེད་ མི་རྣམས་ཀྱི་རང་རྒྱུད་ལ་སེམས་བཟང་པོ་སྐྱེ་འཕེལ་གྱི་ནུས་པ་བསྐྲུབ་ཐབས་སྐོར་༸གོང་ས་མཆོག་གིས་ཁ་ས་བཀའ་སློབ་སྩལ་གནང་མཛད་སྐབས་ བཀའ་སློབ་སྩལ་བར་བཅར་བའི་ཨ་མི་རི་ཀ་བ་འགའ་ཞིག་གིས་ ཨ་མི་རི་ཀ་བ་ཧ་ཅང་མང་པོ་དུས་རྟག་ཏུ་ཡིད་ཞུམ་པ་དང་ སེམས་འཚབ་ཆེན་པོའི་ངང་གནས་དགོས་པའི་རྒྱུ་མཚན་ག་རེ་ཡིན་ནམ་ཞེས་བཀའ་འདྲི་ཞུས་པར་ ཨ་མི་རི་ཀའི་སྤྱི་ཚོགས་དེ་ནི་དུས་རྟག་ཏུ་ཚད་མཐོའི་འགྲན་བསྡུར་ཅན་ཞིག་ཆགས་སྟེ་ མི་རྣམས་ཀྱིས་སོ་སོར་གང་ཡོད་ལ་ཆོག་ཤེས་མ་བྱས་པར་ འདོད་པ་བསོད་སྙོམས་ཁོ་ནར་བརྟེན་ནས་བསྡད་པའི་རྐྱེན་གྱིས་ཡིད་ཞུམ་པ་དང་ བློ་འཚབས་སྐྱེ་བའི་གཞན་དབར་འོག་གནས་ཀྱི་ཡོག་རེད་ཅེས་བཀའ་གནང་ཡོད་པ་རེད་ སྐབས་དེར་ ༸གོང་ས་མཆོག་གིས་ ང་ནི་རྒན་ཡོལ་ཆ་ཚང་ངང་བཞུགས་རྒྱུའི་ཐུགས་འདོད་གནང་གི་ཡོད་ཅེས་དང་ དེ་རྗེས་བསྟན་བཤིག་ངང་ ད་ ང་ནི་ཆེ་བསྟོད་ཞུ་སའི་བཙན་བྱོལ་བོད་གཞུང་གི་སློབ་སྟོན་པ་རྒན་ཤོས་དེ་ཡིན་པར་ངོས་འཛིན་གནང་གི་ཡོད་ཅེས་བཀའ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎