༸གོང་ས་མཆོག་ནས་གྲོང་ཁྱེར་མུམ་སྦའེ་ནང་ནང་ཆོས་ངོ་སྤྲོད།

རྒྱ་གར་གྱི་གྲོང་ཁྱེར་མུམ་སྦཡེ་དུ་དད་ལྡན་མང་ཚོགས་ལ་ནང་ཆོས་ངོ་སྤྲོད་དང་འབྲེལ་བའི་ཆོས་འབྲེལ་གསུང་ཆོས་ཞིག་སྩལ་གནང་མཛད་འདུག

2011.02.19

༄༅༎མུམ་སྦཡེ་བི་ཧར་ཐེབས་རྩ་ཁང་ཟེར་བ་རྒྱ་གར་གྱི་ཚོགས་པ་དེས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དེ་རིང་ཕྱི་ཟླ་༢པའི་ཚེས་༡༩ཉིན་རྒྱ་གར་གྱི་དཔལ་འབྱོར་ལྟེ་གནས་ཀྱི་གྲོང་ཁྱེར་ མུམ་སྦཡེ་རུ་ཡོད་པའི་མཧ་རཤཏྲ་ཀམ་གར་རྩེད་ཐང་དུ་དད་ལྡན་མང་ཚོགས་ལ་ནང་ཆོས་ངོ་སྤྲོད་དང་འབྲེལ་བའི་ཆོས་འབྲེལ་གསུང་ཆོས་ཞིག་སྩལ་གནང་མཛད་ཡོད་པ་རེད།

སྐབས་དེར་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་མགོན་པོ་གང་ཉིད་ནི་རྒྱ་གར་གྱི་འཚེ་མེད་ཞི་བའི་རིག་གཞུང་གི་ཕོ་ཉ་ལྟ་བུ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པ་བཀའ་གནང་ཞིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་གྱིས་འཚེ་མེད་ཞི་བའི་ལྟ་གྲུབ་དེ་གཞན་ལ་ཤེས་བྱའི་ངང་ཚུལ་ཙམ་གྱི་ཐོག་ནས་ཁྱབ་སྤེལ་བྱེད་པ་ཞིག་མིན་པར་ལག་ལེན་ངོ་ཐོག་དུ་བསྐྱེལ་བཞིན་ཡོད་པ་བཀའ་གནང་འདུག།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་དངོས་པོ་དང་འཕྲུལ་ལས་ཡར་རྒྱས་ཆེན་པོ་འགྲོ་བཞིན་པའི་དུས་རབས་ཉི་ཤུ་རྩ་གཅིག་པ་འདིའི་ནང་ཕྱི་དངོས་པ་ཁོ་ནའི་ཐོག་ནས་ནང་སེམས་ཀྱི་ཞི་བདེ་དང་མཐུན་ལམ་སོགས་འབྱུང་ཐུབ་རྒྱུ་མིན་པ་དང་ ནང་སེམས་ཀྱི་ཞི་བདེ་འབྱུང་ཐབས་སྐོར་འཛམ་གླིང་གི་ཆོས་ལུགས་ཆེ་ཁག་ཚང་མས་ཐབས་ལམ་གྱི་ཆོས་འཁོར་སྣ་ཚོགས་ཞིག་སྟོན་ཡོད་པ་བཀའ་གནང་པར་མ་ཟད་ རྒྱ་གར་ནི་འཛམ་གླིང་ནང་གི་ཆོས་ལུགས་ཆེ་ཁག་ཚང་མའི་རྗེས་མཇུག་པ་མཉམ་གནས་དང་ རང་རང་སོ་སོའི་ཆོས་ལུགས་དར་སྤེལ་མུ་འཐུད་བྱེད་བཞིན་པའི་འཛམ་གླིང་གི་ཡུལ་གྲུ་གཅིག་པུ་དེ་ཡིན་པ་དང་ མུམ་སྦཡེ་གྲོང་ཁྱེར་ནི་འདིའི་དཔེ་མཚོན་བཟང་ཤོས་ཞིག་རེད་ཅེས་བཀའ་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎