༸གོང་ས་མཆོག་ནས་ནིའུ་ཡོག་ལ་ཆོས་འབྲེལ་བཀའ་སློབ།

༸གོང་ས་མཆོག་གིས་ནིའུ་ཡོག་གྲོང་ཁྱེར་ནང་གཉན་ཕྲང་ཅན་གྱི་དུས་སྐབས་འདིར་བྱམས་སྙིང་རྗེ་དང་བློ་གྲོས་སྤེལ་ཕྱོགས་སྐོར་བཀའ་སློབ་གནང་བ།

2009.05.04

༄༅༎རེས་གཟའ་ཉི་མ་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་གཉན་ཕྲང་ཅན་གྱི་དུས་སྐབས་འདིར་བྱམས་སྙིང་རྗེ་དང་བློ་གྲོས་སྤེལ་ཕྱོགས་ཀྱི་བརྗོད་གཞིའི་ཐོག་བཀའ་སློབ་དང་བོད་མི་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་རྣམས་ལ་ནང་ཆོས་ཀྱི་དོན་སྙིང་སྐོར་བཀའ་སློབ་བཀྲིན་བསྐྱངས་གནང་ཡོད་པ་རེད།

བྱམས་སྙིང་རྗེ་དང་བློ་གྲོས་སྤེལ་ཕྱོགས་ཀྱི་བརྗོད་གཞིའི་མཛད་འཆར་དེར་༸གོང་ས་མཆོག་གི་ལྷན་དུ་ཨཱ་ཡར་ལེནདྲ་གྱི་སྲིད་འཛིན་ཟུར་པ་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་ཟུར་པ་ལྕམ་མཱེ་རི་རོ་སྦིན་སེན་ལྷན་ཞུགས་དང་དེ་གཙོ་སྐྱོངས་དེ་རྩོམ་པ་གྲགས་ཅན་པཱི་ཁོ་ཨ་ཡར་ཡིས་གནང་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྕམ་མཱེ་རི་རོ་སྦིན་སེན་རྣམ་གཉིས་ཀྱིས་བཙན་བྱོལ་ནང་གི་མི་ཚེའི་སྐོར་དང་འཛམ་གླིང་ནང་དབུལ་ཕྱུག་གི་ཁྱད་པར་འཛམ་གླིང་གི་སའི་གོ་ལའི་ཚ་དྲོད་ཀྱི་དཀའ་རྙོག་སོགས་ཀྱི་སྐོར་གླེང་མོལ་གནང་ཡོད་པ་རེད། གོང་ཞུས་ཀྱི་༸གོང་ས་མཆོག་གི་མཛད་འཆར་དེ་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱས་པའི་བོད་ཀྱི་དགེ་རྩའི་གོ་སྒྲིག་གནང་བ་ཞིག་ཡིན་པ་རེད། ཉིན་རྒྱབ་ཏུ་བོད་མི་དང་ཧི་མ་ལ་ཡའི་རི་རྒྱུད་ནས་ཡིན་པའི་མི་གྲངས་སྟོང་ཕྲག་དྲུག་སྐོར་ཞིག་ལ་ནང་ཆོས་ཀྱི་དོན་སྙིང་དང་བཀའ་སློབ་བཀྲིན་སྐྱངས་གནང་ཡོད་པ་རེད། ༸གོང་ས་མཆོག་གིས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་རྣམས་ནས་ནང་ཆོས་ལ་དོ་སྣང་གསར་པ་ཞིག་གནང་བ་དེར་ཐུགས་གྱེས་ཚོར་བྱུང་སྐོར་དང་ནང་ཆོས་ནི་སྐུ་གསུང་ཐུགས་རྟེན་གཉེར་རྒྱུ་ཙམ་གྱིས་མ་འགྲིག་པར་ནང་ཆོས་ཀྱི་ལྟ་གྲུབ་སློབ་པ་མ་ཟད་བགྲོ་གླེང་གནང་རྒྱུའི་མཐུན་རྐྱེན་བསྐྲུན་དགོས་སྐོར་བཀའ་གནང་འདུག ཆོས་ཞུར་བཅར་བའི་བོད་མི་རྣམས་ལ་རང་ཉིད་བོད་ནས་བཙན་བྱོལ་དུ་ཡོང་བ་ཞིག་ཡིན་པ་དེ་མ་བརྗེད་པ་དང་དེང་སྐབས་བོད་ནང་གི་བོད་མི་རྣམས་ནི་རྒྱའི་འགོ་འཁྲིད་ཚོའི་དྲག་གནོན་གྱི་སྲིད་བྱུས་ཤིག་ལག་བསྟར་བྱས་ནས་སྡུག་སྦྱོང་མྱོང་བཞིན་ཡོད་པ་དྲན་བསྐུལ་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎