༸གོང་ས་མཆོག་སྨན་ཁང་དུ་སྐུ་ངལ་གསོས་ནས་ཞུགས་འཆར།
2008.10.15
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བར་ལམ་ནས་སྐུ་ཁམས་ཕྲན་བུའི་བདེ་མིན་རྐྱེན་པས་ཐོག་མར་མུམ་སྦའེ་དང་དེ་ནས་རིམ་པས་རྒྱལ་ས་ལྡི་ལིའི་ནང་བདུན་ཕྲག་སྔོན་མའི་རེས་གཟའ་པ་སངས་ཉིན་སྐུའི་མཁྲིས་རྡོ་བཏོན་གནང་མཛད་ཡོད་པ་ལྟར་ཁ་ས་ཙམ་ལ་སྨན་ཁང་ནས་ཕྱིར་ཕེབས་གནང་རྒྱུ་ཡིན་པ་རེད། ཡིན་ནའང་སྨན་ཁང་ནས་ཕྱིར་ཕེབས་གནང་བའི་རྗེས་སུ་སླར་ཡང་སྐུའི་བརྟག་དཔྱད་སླད་ཡང་སེ་སྨན་ཁང་དུ་ཕེབས་པ་ལས་ཉིན་ཤས་སྨན་ཁང་རང་དུ་སྐུ་ངལ་གསོས་རྒྱུར་༸གོང་ས་མཆོག་གི་ཐུགས་འདོད་གནང་གི་ཡོད་པ་ལྟར་ཉིན་མ་འགའ་ཤས་སླར་ཡང་སྨན་ཁང་ནང་བཞུགས་རྒྱུ་ཡིན་ལུགས་འབྲེལ་ཡོད་སྨན་ཁང་ནས་འགྲེལ་བརྗོད་གནང་འདུག
རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་གཞིར་བཟུང་ཕྱི་ཟླ་དགུ་པ་དང་བཅུ་པ་གཉིས་ནང་ཕྱི་རྒྱལ་ཡུལ་གྲུ་ཁག་ཅིག་ལ་ཆིབས་བསྒྱུར་གནང་རྒྱུའི་མཛད་འཆར་ཕྱིར་བསྡུ་གནང་ཡོད་ཀྱང་བཞུགས་སྒར་ཁུལ་རྒྱ་རིགས་དང་སིང་ག་པུར་མི་རིགས་ཚོར་གསུངས་ཆོས་བཀྲིན་སྩལ་གནང་ཡོད་པ་མ་ཟད་ཕྱི་ཟླ་བཅུ་གཅིག་པའི་ནང་ཉི་ཧོང་ཁུལ་ཆིབས་བསྒྱུར་དང་དེའི་རྗེས་ཀྱི་མཛད་རིམ་ཁག་ལ་འགྱུར་བ་གཏོང་གནང་རྒྱུ་མིན་ལུགས་ཉེ་ཆར་སྐུ་སྒེར་ཡགི་ཚང་ནས་གསར་འགོད་པའི་བཀའ་འདྲི་ཞུས་པར་བཀའ་ལན་གནང་ཡོད་བཅས་ད་ལྟའི་འཆར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུའི་འཁྲིས་རྡོའི་གཤག་བཅོས་གནང་ནས་སྐུ་ཁམས་གསལ་ཐང་ཡིན་པ་རེད།