༸གོང་ས་མཆོག་གི་ཕེ་རན་སིའི་མཛད་འཆར་སྐོར།

༸གོང་ས་མཆོག་དང་ཕེ་རན་སིའི་གྲོས་ཚོགས་འཐུས་མི་ཁག་ཅིག་དབར་དེ་རིང་རེས་གཟའ་ལྷག་པའི་ཉིན་མཇལ་འཕྲད་གནང་ཡོད་པ་རེད།

2008.08.13

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བདུན་ཕྲག་འདིའི་རེས་གཟའ་ཟླ་བའི་ཉིན་ཕེ་རན་སིའི་ནང་ཆིབས་བསྒྱུར་བསྐྱང་གནང་སྟེ་དེ་རིང་རེས་གཟའ་ལྷག་པའི་སྔ་དྲོ་ཚོུད་བཅུ་པའི་ཐོག་ཕེ་རན་སིའི་གྲོས་ཚོགས་ཀྱི་འཐུས་མི་སུམ་ཅུ་ནས་བཞི་བཅུའི་དབར་མཇལ་འཕྲད་གནང་གི་ཡོད་པ་ལས་ད་རེས་ཕེ་རན་སིའི་སྲིད་འཛིན་སར་ཀོ་ཛི་མཆོག་དང་མཇལ་འཕྲད་གནང་འཆར་མེད་པ་རེད་

དེ་ག་ནང་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེངས་འདིའི་ཕེ་རན་སིའི་ནང་ཆིབས་བསྒྱུར་བསྐྱང་གནང་བའི་སྐབས་གཞུང་འབྲེལ་་གྱི་དཔོན་རིགས་གཞན་ཁག་དང་མཇལ་འཕྲད་གནང་རྒྱུའི་འཆར་གཞི་མེད་རུང་ ལོ་ཌེ་ལྦི་ཞེས་པའི་ཕེ་རན་སིའི་ལྷོ་ངོས་སུ་ཆགས་པའི་དགོན་པ་དེ་བདུན་ཕྲག་རྗེས་མའི་རེས་གཟའ་པ་སངས་ཉིན་དབུ་འབྱེད་མཛད་སྒོ་གནང་རྒྱུའི་ཐོག་ཕེ་རན་སིའི་སྲིད་འཛིན་གྱི་ལྕམ་ ཁའར་ལ་སྦུརུ་ནི་ སར་ཀོ་ཛི་ མཆོག་མཉམ་ཞུགས་གནང་གི་ཡོད་པ་རེད་

ད་རེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བདུན་ཕྲག་འདིའི་རེས་གཟའ་ཟླ་བའི་ཉིན་ཕེ་རན་སིའི་ནང་ཆིབས་བསྒྱུར་བསྐྱང་གནང་སྟེ་ཕྱི་ཚེས་༢༣ བར་ཡུལ་དེའི་ནང་ཞུགས་གདན་འཇགས་རྒྱུའི་རིང་ཕེ་རན་སི་བྱང་ནུབ་ས་ཁུལ་ནོར་མེན་ཌི་དང་སྦིརིཏ་ནི་ཞེས་པའི་ས་ཁུལ་དེ་གཉིས་ནང་ཆིབས་བསྒྱུར་བསྐྱང་གནང་རྒྱུ་དང་དེ་བཞིན་ཕེ་རན་སིའི་ནུབ་ཀྱི་གྲོང་ཁྱེར་ནེན་ཊེསི་ཞེས་པའི་ནང་༸གོང་ས་མཆོག་ནས་ཉིན་དྲུག་རིང་གསུང་ཆོས་བཀྲིན་བསྐྱང་གནང་རྒྱུ་ཡིན་པ་རེད་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཕེ་རན་སིའི་སྲིད་འཛིན་དབར་ཐེངས་འདིར་མཇལ་འཕྲད་གནང་འཆར་མེད་ཀྱང་འདི་ལོ་ཕྱི་ཟླ་བཅུ་གཉིས་པའི་ཚེས་བཅུ་ཉིན་ཕེ་རན་སིའི་སྲིད་འཛིན་སར་ཀོ་ཛི་མཆོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གཙོས་པའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཚང་མ་དང་ཕེ་རན་སིའི་རྒྱལ་ས་པེ་རིསི་ནང་མཇལ་འཕྲད་གནང་རྒྱུ་ཡིན་པ་རེད་ཅེས་ཕེ་རན་སིའི་གྲོས་ཚོགས་ཀྱི་འབྲེལ་ཡོད་ལས་དོན་དྲུང་ཆེ་ཞིག་གིས་དེ་རིང་རེས་གཟའ་ལྷག་པའི་ཉིན་གསལ་བསྒྲགས་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎