༸གོང་ས་མཆོག་ནིའུ་ཡོག་གྲོང་ཁྱེར་དུ་ཞབས་སོར་འཁོད་པ།

༸གོང་ས་མཆོག་ནས་གཉན་འཕྲང་ཅན་གྱི་དུས་སུ་ཤེས་རབ་དང་སྙིང་རྗེའི་དགོས་མཁོ་ཞེས་པའི་བཞུཌ་མོལ་ལྷན་ཚོཌ་ཀྱི་ཚོཌ་མགོན་དུ་ཞུགས་འདུག

2009.05.03

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཞབས་སོར་འཁོད་ཡོད་ཅིང་གཉན་འཕྲང་ཅན་གྱི་དུས་སུ་ཤེས་རབ་དང་སྙིང་རྗེའི་དགོས་མཁོ་ཞེས་པའི་བཞུགས་མོལ་ལྷན་ཚོགས་ཀྱི་ཚོགས་མགོན་དུ་བཞུགས་གནང་འདུག

ཨ་ཡར་ལེནདྲ་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་དང་སྲིད་འཛིན་ལས་གནས་ནས་འཁྱུར་རྗེས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྤྱི་ཁྱབ་པ་གནང་མྱོང་ཡོད་མཁན་ལྕམ་མཱེ་རི་རོ་སྦིན་སེན་མཆོག་བཞུགས་མོལ་བགྲོ་གླེང་ནང་བཞུགས་གནང་ཡོད་ཅིང་མཁས་དབང་པི་ཁོ་ཨ་ཡར་མཆོག་གིས་བཞུགས་མོལ་བགྲོ་གླེང་གཙོ་སྐྱོང་གནང་ཡོད་པ་རེད། ཡང་ས་གནས་ཀྱི་གསར་ཤོག་ནང་གནས་ཚུལ་ཐོན་པར་གཞིགས་ན་རྒྱ་ནག་གཞུང་གིས་བོད་ནང་བདེ་སྐྱིད་ཡོད་ལུགས་རྟག་ཏུ་དྲིལ་བསྒྲགས་རྒྱ་ཆེ་བྱེད་ཀྱི་ཡོད་པ་ལྟར་དངོས་སུ་དེ་ལྟར་ཡོད་མིན་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་བོད་ནང་བརྟག་ཞིབ་ཆེད་ཕེབས་གལ་ཆེ་བ་ཡིན་ཞིང་ཨ་རི་བ་གང་མང་གིས་བོད་ལ་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཆེད་ཕེབས་དགོས་སྐོར་༸གོང་ས་མཆོག་གིས་བཀའ་སློབ་གནང་ལུགས་ས་གནས་གསར་ཤོག་ཐོག་བཀོད་གནང་འདུག

ཡང་འདི་གའི་ཆེད་གཏོང་གསར་འགོད་པ་བརྒྱུད་ནས་ཤེས་རྟོགས་བྱུང་དོན་ལ་རེས་གཟའ་ཉི་མའི་ཉིན་རྒྱབ་ཏུ་མཱེ་ཌི་སེན་གའར་ཌེན་ཞེས་པའི་ཚོགས་ཁང་ཆེན་མོའི་ནང་བོད་རིགས་དང་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མི་རིགས་རྣམས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་གསུང་བཤད་བཀའ་དྲིན་བསྐྱངས་གནང་མཛད་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎