སི་ཀོཏི་ལེན་ཡུལ་དུ་༸གོང་ས་མཆོག་གི་སྐུ་པར་འགྲེམས་སྟོན།

༸གོང་ས་མཆོག་སི་ཀོཏི་ལེན་ཡུལ་དུ་དེ་སྔོན་ཆིབས་བསྒྱུར་གྱིས་མཛད་འཕྲིན་བསྐྱངས་པའི་སྐོར་གྱི་སྐུ་པར་གྱི་འགྲེམས་སྟོན་ཞིག་་གནང་བཞིན་འདུག

2008.08.01

༄༅༎དབྱིན་ཡུལ་གྱི་བྱང་ཕྱོགས་སུ་ཡོད་པའི་སི་ཀོཏི་ལེན་ཡུལ་གྱི་ལོ་རྒྱུས་ལྡན་པའི་ཨེང་ག་སེ་ས་གནས་ནང་དེ་སྔོན་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སི་ཀོཏི་ལེན་ཡུལ་གྲུའི་ནང་ཆིབས་བསྒྱུར་གྱིས་མཛད་འཕྲིན་བསྐྱངས་པའི་སྐོར་གྱི་སྐུ་པར་གྱི་འགྲེམས་སྟོན་ཞིག་ཐེངས་དང་པོ་གོ་སྒྲིག་གནང་བཞིན་ཡོད་པ་རེད།

འགྲེམས་སྟོན་དེའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཁྱོན་༢༦ འགྲེམས་སྟོན་གནང་གི་ཡོད་ཅིང༌། སྐུ་པར་དེ་རྣམས་སི་ཀོཏི་ལེན་གཞུང་འབྲེལ་གྱི་ཐོག་ནས་ པར་པ་ ཇེག་དང་མེ་རིཡོན་མེཀ་ཌོ་ནལ་ཌེ་ ཞུ་བ་གཉིས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་༢༠༠༤ ལོའི་ཕྱི་ཟླ་དྲུག་པའི་ནང་ཆིབས་བསྒྱུར་བསྐྱངས་པའི་སྐབས་མགྲོན་པའི་སྐུ་པར་ཁག་ཡིན་པ་རེད། དེའི་ནང་ལ་སྐབས་དེར་༸གོང་ས་མཆོག་སི་ཀོཏི་ལེན་གྱི་རྒྱལ་ས་ཨེ་ཌིན་སྦག་དང་ས་གནས་ཌན་ཕཱམ་ལའེན་ཞེས་པའི་ནང་འཛམ་གླིང་ཞི་བདེ་སྐྲུན་ཐབས་སྐོར་གྱི་ལྷན་ཚོགས་ཐོག་ཆིབས་བསྒྱུར་གནང་བའི་སྐབས་ཀྱི་སྐུ་པར་ཡང་ཡོད་པ་དང༌། སྐུ་པར་མགྲོན་མཁན་སྐུ་ཞབས་ མེཀ་ཌོ་ནལ་ཌེ་ ཡིས་གསུང་ན། ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་པར་༣༠༠ ཡོད་པའི་ནང་ནས་འདེམས་སྒྲུག་བྱས་པའི་སྐུ་པར་ ༢༦  ད་རེས་འགྲེམས་སྟོན་བྱེད་བཞིན་ཡོད་པ་དང༌། ༸གོང་ས་མཆོག་ཡུལ་འདིའི་ནང་ཆིབས་བསྒྱུར་གནང་བ་དེ་ནི་ཧ་ཅང་གི་སྐལ་པ་བཟང་པོ་ཞིག་དང་ངོ་མཚར་སྐྱེས་དགོས་པ་ཞིག་ཡིན་པའི་འགྲེལ་བརྗོད་བྱས་ཡོད་པ་རེད། འགྲེམས་སྟོན་དེ་ནི་སི་ཀོཏི་ལེན་ཡུལ་གྱི་ས་གནས་གེལེན་སི་ དང་ ཀིར་མུའར་ གཉིས་ནང་ཟླ་བ་འདིའི་ཕྱི་ཚེས་ ༢༤ བར་བཏོན་གནང་གི་ཡོད་པ་དང་མི་དམངས་ཚོར་རེས་གཟའ་ཟླ་བ་ནས་སྤེན་པ་བར་སྔ་དྲོ་ཚོུད་༩ དང་ཕྱེད་ཀ་ནས་ཉིན་གུང་བར་དང་ཡང་བསྐྱར་རེས་གཟའ་ཟླ་བ་ནས་ཕུར་བུ་བར་ཉིན་གུང་ཚོུད་༢ ནས་༤ པ་བར་སྒོ་འབྱེད་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎