༸གོང་ས་མཆོག་ནས་འགྲེམས་སྟོན་དབུ་འབྱེད།

༧གོང་ས་མཆོག་གིས་ཀངྒ་ར་རྒྱལ་པོ་མ་ཧ་རཇ་སན་སར་ཆནད་ཞེས་པའི་འགྲེམས་སྟོན་དབུ་འབྱེད་བཀྲིན་ཆེ་གནང་མཛད་འདུག

2011.04.06

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཀངྒ་ར་རྒྱལ་པོ་མ་ཧ་རཇ་སན་སར་ཆནད་ཞེས་པའི་འགྲེམས་སྟོན་དབུ་འབྱེད་བཀྲིན་ཆེ་གནང་མཛད་འདུག།

མཛད་སྒོའི་ཐོག་མར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཤིང་སྣ་འདེབས་འཛུགས་དང་འབྲེལ་འགྲེམས་སྟོན་ཁང་དུ་ཆིབས་བསྒྱུར་མ་བསྐྱང་སྔོན་རྒྱ་གར་གྱི་ཡུལ་སྲོལ་གོམས་གཤིས་ལྟར་ཀངྒ་རྒྱལ་པོའི་སྲས་ཏི་ཀ་རཇ་ཨིཤ་ལྦར་ཡ་ཀ་ཏོཆ་དང་ཁོང་གི་ཡབ་ཡུམ།རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་ཅན་རྡེརེཤ་ཀུ་མ་རི་སོགས་ཀྱིས་མགོན་པོ་གང་ཉིད་མཆོག་ལ་ཕེབས་བསུ་ཞུས་གནང་རྗེས།

༧གོང་ས་མཆོག་གིས་འགྲེམས་སྟོན་ཁང་དུ་ཐུགས་ཞིབ་མཛད་པ་དང༌། ཐུགས་ཞིབ་གྲུབ་བསྟུན་འགྲེམས་སྟོན་ཁང་གི་ཡང་སྟེང་དུ་སྐུ་མགྲོན་རྣམ་པ་དང༌། གསར་འགོད་པ་འདུས་པའི་དབུས་སུ་རྒྱལ་སྲས་ཏི་ཀ་རཇ་ཡིས་༸གོང་ས་མཆོག་དང་སྐུ་མགྲོན་རྣམ་པར་ཕེབས་བསུའི་གསུང་བཤད་གནང་འདུག།

མཛད་སྒོའི་ཐོག་ཕེབས་པའི་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུངས་བཤད་གནང་བ་དང༌། དེ་རྗེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་མཛད་སྒོ་དང་འབྲེལ་བའི་བཀའ་སློབ་སྩལ་དོན་ལ། ༧གོང་ས་མཆོག་ཁུལ་དེར་ཆིབས་བསྒྱུར་གནང་ནས་མི་ལོ་༥༠བརྒལ་ཡོད་བའི་ནང༌། ཀངྒ་རའི་ལོ་རྒྱུས་ཞིབ་ཕྲ་ད་བར་མ་མཁྱེན་པ་མང་པོ་ཞིག་ད་རེས་ཀྱི་འགྲེམས་སྟོན་དེ་ནས་མཁྱེན་རྟོག་ཐུབ་པ་བྱུང་ཡོད་སྐོར་བཀའ་གནང་སྟེ། འདས་པའི་སྐབས་སུ་རྒྱལ་པོའི་མངའ་དབང་དར་བའི་ལོ་རྒྱུས་ནང་དམག་འཁྲུག་བྱུང་བའི་དུས་ཚོད་ཡོལ་ཟིན་པ་དང༌། ད་ལྟའི་འཆར་ཚང་མས་མཐུན་སྒྲིལ་ལྡན་པའི་འཛམ་གླིང་ཞིག་སྐྲུན་ཐབས་བྱ་དགོས་པའི་བཀའ་སློབ་གནང་བའི་མཐར། ཀངྒ་རའི་རྒྱལ་སྲས་མཆོག་གིས་༧གོང་ས་མཆོག་ལ་ ཀངྒ་རའི་སྙན་གྲགས་ཅན་གྱི་སྒྱུ་རྩལ་བ་ཞིག་གིས་བྲིས་པའི་པར་རིས་ཤིག་ཕྱག་རྟགས་སུ་འབུལ་ལམ་ཞུས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎