༸གོང་ས་མཆོག་ནས་བྱམས་དང་སྙིང་རྗེའི་སྐོར་གྱི་གསུངས་བཤད།

༸གོང་ས་མཆོག་ཨ་རིའི་ཨེལ་སྦ་ནིའི་གྲོང་ཁྱེར་ནང་ཆིབས་བསྒྱུར་གནང་ནས་གྲོས་ཚོགས་ནང་གསུངས་བཤད་དང་མང་ཚོགས་ལ་བཀའ་སློབ་གནང་བ།

2009.05.07

༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ཨེལ་སྦ་ནིའི་གྲོང་ཁྱེར་ནང་ཆིབས་བསྒྱུར་གནང་ནས་གྲོས་ཚོགས་ནང་གསུངས་ བཤད་དང་མང་ཚོགས་ལ་བཀའ་སློབ་གནང་ཡོད་འདུག

འདི་ཚེས་དྲུག་གི་སྔ་ཐོག་མཛད་འཆར་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་ཉེ་འགྲམ་དུ་ཆགས་པའི་ཨེལ་སྦ་ནི་ནང་མངའ་སྡེའི་གྲོས་ཚོགས་ནང་ཆིབས་བསྒྱུར་གནང་བའི་སྐབས་གྲོས་ཚོགས་ཚོགས་གཙོ་དང་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྣམ་གཉིས་ནས་སྣེ་ལེན་ཞུས་པ་དང་སྦྲགས་༸གོང་ས་མཆོག་ནས་ལོ་ངོ་ལྔ་བཅུའི་རིང་བོད་མིའི་བདེན་དོན་སླད་འཚེ་མེད་ཞི་བའི་ལམ་གྱི་ཐོག་ནས་ཕྱག་ལས་གནང་བའི་མཛད་རྗེས་ལ་གུས་བཏུད་ཞུ་བའི་གྲོས་ཆོད་ཅིག་ཀྱང་འཇོག་གནང་མཛད་ཡོད་འདུག གྲོས་ཚོགས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་མི་རི་ཀའི་རྒྱལ་ཁྱབ་ཀྱིས་སྤྱི་ཡོངས་སྲིད་བྱུས་ནི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་རིན་ཐང་ཆེན་པོར་བརྩིས་གནང་ཡོད་གི་ཡོད་པར་བསྔགས་བརྗོད་གནང་བ་དང་སྦྲགས་མུ་མཐུད་ནས་རྩ་ཆེའི་རིན་ཐང་དེ་རྒྱུན་འཁྱོངས་གནང་དགོས་ལུགས་བཀའ་གནང་འདུག

དེ་ནས་ཉིན་རྒྱབ་མཛད་འཆར་གཞིར་བཟུང་ཁུལ་དེའི་མང་ཚོགས་སྟོང་ཕྲག་འགའ་ཤས་ཀྱི་འདུ་འཛོམས་སར་ཐོག་མར་གྲོང་ཁྱེར་སྤྱི་ཁྱབ་མཆོག་དང་ཡེ་ཤུའི་ཆོས་དཔོན་སོགས་གལ་ཆེའི་གནད་ཡོད་མི་སྣ་ཁག་ལ་འཚམས་འདྲིའི་མཇལ་དར་ཕུལ་གནང་བ་དང་སྦྲགས་གསུངས་བཤད་གནང་བའི་ནང་བྱམས་པ་དང་སྙིང་རྗེ་ནི་མི་ཚེའི་བདེ་སྐྱིད་སྐྲུན་ཐབས་ཀྱི་ཐབས་ལམ་གཙོ་བོ་ཡིན་པ་མ་ཟད་གཟུགས་པོའི་འཕྲོད་བསྟེན་ལའང་ཕན་ཐོགས་ཡོད་པ་ཞིག་རེད་ཅེས་དང་དེ་བཞིན་ཕྱིའི་དངོས་པོ་ནི་འཚོ་གནས་ཐུབ་ཐབས་སུ་གལ་ཆེན་པོ་ཞིག་ཡིན་ནའང་དེ་བས་གལ་ཆེ་བ་ནི་ནང་སེམས་ཀྱི་བདེ་སྐྱིད་སྐྲུན་ཐབས་བྱེད་རྒྱུ་དེ་རེད་ཅེས་བཀའ་གནང་བ་དང་ལྷག་པར་དུ་དེང་སང་དཔལ་འབྱོར་གྱི་གནས་སྟངས་ཉག་ཕྲ་བའི་སྐབས་འདིར་ཚང་མས་ནང་བསམ་བློའི་འཁྱེར་གསོའི་ཐོག་དོ་སྣང་ཤུགས་ཆེ་ཙམ་བྱེད་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་བཀའ་གནང་འདུག དེ་དང་ཕྱོགས་མཚུངས་བོད་ནང་གི་དངོས་ཡོད་གནས་སྟངས་ག་འདྲ་ཡོད་མེད་དངོས་སུ་བོད་ནང་གཟིགས་བསྐོར་ཕེབས་ནས་ཉམས་ཞིབ་བྱེད་དགོས་པའི་འབོད་སྐུལ་གནང་འདུག

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནང་གི་མཛད་འཆར་ཁག་འདི་ཚེས་དྲུག་ནས་ལེགས་པར་གྲུབ་གནང་ནས་དེ་རིང་རྒྱ་གར་ཁུལ་ཕྱིར་ཕེབས་གནང་རྒྱུ་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎