༸གོང་ས་མཆོག་དང་ཐའེ་ལྦན་ཡེ་ཤུའི་ཆོས་དཔོན་མཇལ་འཛོམས།

༸གོང་ས་མཆོག་ནས་ཐའེ་ལྦན་ནང་གི་ཡེ་ཤུའི་ཆོས་དཔོན་དང་ལྷན་དུ་ཆོས་འབྲེལ་གྱི་མཛད་སྒོར་མཉམ་ཞུགས་གནང་ཡོད་འདུག

2009.09.03

༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཐའེ་ལྦན་ནང་གི་ཡེ་ཤུའི་ཆོས་དཔོན་དང་ལྷན་དུ་ཆོས་འབྲེལ་གྱི་མཛད་སྒོར་མཉམ་ཞུགས་གནང་ཡོད་འདུག

བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐའེ་ལྦན་ནང་ཆིབས་བསྒྱུར་བསྐྱངས་གནང་ཡོད་པ་ནས་མཛད་འཆར་ཁོངས་སུ་ཁ་ས་རེས་གཟའ་ལྷག་པའི་ཉིན་ཐའེ་ལྦན་གྱི་ལྷོ་ཕྱོགས་ཀའོ་ཤུང་གྲོང་ཁྱེར་ནང་མི་མང་ཆིག་སྟོང་ཙམ་གྱི་འདུ་འཛོམས་སར་ཡེ་ཤུའི་ཆོས་དཔོན་ཤན་ཀའོ་ཤི་མཆོག་དང་ལྷན་དུ་མཛད་སྒོ་ཞིག་མཉམ་ཞུགས་གནང་ནས་ཉེ་ཆར་ཆར་རླུང་དྲག་པོས་གོད་ཆགས་ཕོག་པའི་མི་རྣམས་ལ་ཐུགས་སྨོན་གནང་ཡོད་པ་རེད། སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ལ་རང་བཙན་རྩོད་གནང་གི་མེད་པའི་ལངས་ཕྱོགས་རྣམས་གསལ་པོ་བསྐྱང་ནན་གནང་བ་དང་ཡང་ད་རེས་ཐའེ་ལྦན་ནང་ཆིབས་བསྒྱུར་གནང་དགོས་དོན་ནི་གོད་ཆགས་ཕོག་པའི་ནང་མི་རྣམས་ལ་ཐུགས་གསོ་དང་ཐུགས་སྨོན་གནང་རྒྱུའི་ཆེད་དངོས་སུ་གཟིགས་བསྐོར་གནང་ནས་མང་ཚོགས་འགའ་ཤས་མཇལ་འཕྲད་གནང་ཐུབ་པར་ཐུགས་བློ་བདེ་པོ་བྱུང་ཞེས་དང་ནང་སེམས་ཀྱི་བདེ་སྐྱིད་སྐྲུན་ཐབས་སུ་ཁྲོམ་ནས་ཉོ་རྒྱུ་མེད་པར་རང་རང་སོ་སོའི་ཆོས་ལུགས་ཉམས་སུ་ལེན་པའི་ཐོག་ནས་བྱང་ཆུབ་ཀྱི་སེམས་སྐྱེད་ཐུབ་པ་བྱེད་དགོས་ལུགས་དང་དེ་ནི་ཆོས་ལུགས་ག་འདྲ་ཞིག་ཡིན་ནའང་ཁྱད་པར་ཡོད་མ་རེད་ཅེས་བཀའ་སྩལ་གནང་ཡོད་འདུག

དེར་ཚོགས་བཅར་ཞུས་པའི་མང་ཚོགས་ནས་ཀྱང་༸གོང་ས་མཆོག་དང་ཡེ་ཤུའི་ཆོས་དཔོན་རྣམ་གཉིས་ནས་ཆོས་ཕྱོགས་འདྲ་མིན་གྱི་ལམ་ནས་ཐུགས་སྨོན་གནང་བར་དགའ་བསུ་ཆེན་པོ་ཞུས་འདུག་ལ་ས་གནས་ཐེ་ནན་ཞེས་པ་ནས་ཆེད་བཅར་ཞུས་པའི་བུད་མེད་ཀའོ་ཞེས་པས་ད་རེས་ཆོས་ལུགས་འདྲ་མིན་གཉིས་ཀྱི་དབུ་འཁྲིད་འདིར་ཕེབས་ནས་མང་ཚོགས་ལ་ཞི་བདེའི་ཁོར་ཡུག་སྐྲུན་ཐབས་གནང་བར་ང་ཚོ་དགའ་ཚོར་ཆེན་པོ་བྱུང་ཞེས་འགྲེལ་བརྗོད་བྱས་འདུག ༸གོང་ས་མཆོག་ཁ་ས་ལྷོ་ཕྱོགས་ཀའོ་ཤུང་ནས་ཆིབས་ཞལ་བསྒྱུར་ནས་རྒྱལ་ས་ཐའེ་པེ་རུ་ཕེབས་ཡོད་པ་དང་སང་ཉིན་རེས་གཟའ་པ་སངས་ཉིན་རྒྱ་གར་ཁུལ་ཆིབས་ཁ་བསྒྱུར་གནང་གི་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎