༸གོང་ས་མཆོག་ས་ཁ་རོལྦ་གཟེངས་རྟགས་འོས་མིར་འཁོད་པ།

འདི་ལོའི་ཡུ་རོབ་ཀྱི་ས་ཁ་རོལྦ་གཟེངས་རྟགས་ཀྱི་འོས་མིའི་མཚན་གཞུང་ནང་༸གོང་ས་མཆོག་མཚན་འཁོད་བྱུང་ཡོད་པའི་གནས་ཚུལ།

2008.09.04

༄༅༎འདི་ལོ་༢༠༠༨ལོའི་ཡུ་རོབ་ཀྱི་ས་ཁ་རོལྦ་གཟེངས་རྟགས་ཀྱི་འོས་མིའི་མཚན་གཞུང་ནང་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཚན་འཁོད་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག

ཡོ་རོབ་གྲོས་ཚོགས་ཀྱིས་ཚེས་༢ཉིན་གསལ་བསྒྲགས་གནང་བར་ལྟར་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྤྱི་ལོ་༢༠༠༨ལོའི་ཡོ་རོབ་ཀྱི་ས་ཁ་ནོལྦ་གཟེངས་རྟགས་ཀྱི་འོས་མིའི་མཚན་གཞུང་ནང་མཚན་བཀོད་བྱུང་ཡོད་པ་དང༌ བདུན་ཕྲག་རྗེས་མར་ཡོ་རོབ་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ལྷན་ཁང་དང་ཡར་རྒྱས་ལས་དོན་ལྷན་ཁང་ འགྲོ་བ་མིའི་ཐོབ་ཐང་ལས་དོན་ལྷན་ཁང་བཅས་ཐུན་མོང་གི་ཚོགས་འདུའི་སྐབས་ མཚན་གཞུང་ནང་ཡོད་པའི་འོས་མིའི་ཁོངས་ནས་ འོས་གཞིའི་མཚན་གསུམ་འདེམས་སྒྲུག་གནང་རྒྱུ་ཡིན་འདུག ཡོ་རོབ་གྲོས་ཚོགས་ཀྱིས་བསྩལ་བའི་ས་ཁ་རོལྦ་གཟེངས་རྟགས་ཞེས་པ་དེ་ནི་ སྤྱི་ལོ་༡༩༨༨ལོར་གསར་འཛུགས་གནང་ཞིང་ འཛམ་གླིང་ཐོག་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ཆེད་གཟེངས་སུ་ཐོན་པའི་ལེག་སྐྱེད་ཕུལ་མཁན་ཀྱད་འཕགས་ཅན་ལ་གསོལ་སྩལ་གནང་སྲོལ་ཡོད་པ་རེད་ གཟེངས་རྟགས་དེ་བཞིན་དེ་སྔ་ར་ཤི་ཡའི་རྡུལ་ཕྲན་ཚན་རིག་པ་གྲགས་ཅན་དང་ འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ ས་ཁ་རོལྦ་ ཡི་མཚན་ཐོག་འབུལ་བཞེས་གནང་གི་ཡོད་པ་རེད་ དེ་སྔོན་ས་ཁ་རོལྦ་གཟེངས་རྟགས་བཞེས་མཁན་ཁོངས་སུ་ ལྷོ་ཨབ་རི་ཀའི་སྲིད་འཛིན་ཟུར་པ་ ནེལ་སེན་མན་ཌེ་ལ་ དང་ འབར་མའི་དམངས་གཙོ་ཚོགས་པའི་དབུ་འཁྲིད་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ལྕམ་ཨང་སུན་སུ་ཀི་དང་ རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ལྦེ་ཅིན་ཤིང་དང་གཞན་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཟུར་པ་ཀོ་ཕི་ཨ་ནན་སོགས་བྱུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎