༸གོང་ས་མཆོག་ནས་ཉི་ཧོང་ལ་ཐུགས་གསོའི་འཚམས་འཕྲིན།

༧གོང་ས་མཆོག་གིས་ཉི་ཧོང་ནང་ས་ཡོམ་གྱི་གནོད་འཚེ་ཚབས་ཆེ་ཕོག་པར་ཉི་ཧོང་གི་སྲིད་བློན་གྱི་མཚན་ཐོག་དུ་ཐུགས་གསོའི་འཚམས་འཕྲིན།

2011.03.12

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ད་རེས་ཉི་ཧོང་ནང་ས་ཡོམ་གྱི་གནོད་འཚེ་ཚབས་ཆེ་ཕོག་པར་ཉི་ཧོང་གི་སྲིད་བློན་ན་ཨོ་ཏོ་ཀན་གྱི་མཚན་ཐོག་དུ་ཐུགས་གསོའི་འཚམས་འཕྲིན་ཞིག་གནང་ཡོད་པ་རེད། དེའི་ནང་ཁ་ས་ཉི་ཧོང་ནང་ས་ཡོམ་གྱི་གནོད་འཚེ་ཚབས་ཆེ་ཕོག་པའི་གནས་ཚུལ་གསན་དུས་ཧང་སང་གནང་བ་དང་འབྲེལ་ཐུགས་ཧ་ཅང་གི་སྐྱོ་པོ་བྱུང་གནང་བ་བཀའ་གནང་ཡོད་ཅིང་ ༧གོང་ས་མཆོག་ནས་ས་ཡོམ་གྱི་གནོད་འཚེའི་འོག་རྐྱེན་འདས་སུ་ཕྱིན་པ་རྣམས་ལ་ཐུགས་སྨོན་སྐྱབས་མཇུག་གནང་རྒྱུ་མ་ཟད་ས་ཡོམ་གྱི་གནོད་ཚེའི་འོག་རྐྱེན་འདས་སུ་ཕྱིན་པ་ཚོའི་ནང་མི་སྤུན་ཆེད་དང་དེ་མིན་ས་ཡོམ་གྱི་གནོད་ཚེ་ཕོག་མི་ཚོར་ཐུགས་གསོའི་འཚམས་འདྲི་ཡང་གནང་ཡོད་འདུག ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་གནང་བའི་ཐུགས་གསོའི་འཚམས་འཕྲིན་དེའི་ནང་  ཉི་ཧོང་གཞུང་གིས་ས་ཡོམ་གྱི་གནོད་འཚེ་ཚབས་ཆེ་ཕོག་པའི་འོག་སྲོག་སྐྱོབས་ལས་དོན་ཧ་ཅང་ཚབས་ཚུབ་ཡོད་པར་བསྔགས་བརྗོད་ཡང་གནང་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྟན་འགྲོ་སྤྱིའི་དོན་དུ་མཛད་འཕྲིན་མུ་མཐུད་བསྐྱང་རྒྱུའི་བཀའ་བཞེས་ཕེབས་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎