༸གོང་ས་མཆོག་གིས་འབར་མ་གཞུང་ལ་འབོད་སྐུལ།

འབར་མའི་དྲག་པོའི་གཞུང་གིས་ལྕམ་ཨང་སན་སུ་ཀི་མཆོག་ལ་བཟང་བཙོན་གྱི་དུས་ཚོད་འགྱངས་པ་དེར་༸གོང་ས་མཆོག་ཐུགས་ཕམ་བྱུང་བ།

2009.08.12

༄༅༎འབར་མའི་དྲག་པོའི་གཞུང་གིས་ལྕམ་ཨང་སན་སུ་ཀི་མཆོག་ལ་བཟང་བཙོན་གྱི་དུས་ཚོད་ལོ་གཅིག་དང་ཕྱེད་ཀའི་རིང་དུས་འགྱངས་བྱས་པ་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐུགས་ཕམ་ཆེན་པོ་བྱུང་ཞེས་བཀའ་གནང་འདུག བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འབར་མའི་དྲག་པོའི་གཞུང་ལ་ལྕམ་ཨང་སང་སུ་ཀི་མཆོག་གློད་འགྲོལ་དགོས་པའི་འབོད་སྐུལ་གྱི་གསུང་འཕྲིན་ཞིག་ཁ་ས་བསྩལ་གནང་མཛད་པའི་ནང་༸གོང་ས་མཆོག་གིས་ང་ཚོ་ནང་པ་གཅིག་པ་ཡིན་པའི་ཆ་ནས་ངས་བསྐྱར་དུ་འབར་མའི་དབུ་ཁྲིད་རྣམས་ལ་འབོད་སྐུལ་ཞུ་རྒྱུར་ལྕམ་ཨང་སང་སུ་ཀི་མཆོག་གློད་འགྲོལ་གཏོང་བའི་ཐོག་ནས་སེམས་པ་ཆེན་པོ་དང་བསམ་ཤེས་ག་ཚོད་ཡོད་པ་དེ་གསལ་སྟོན་བྱེད་དགོས་པ་རེད་ཅེས་བཀའ་གནང་བཞག དེ་བཞིན་༸གོང་ས་མཆོག་གིས་འབར་མའི་དབུ་ཁྲིད་རྣམས་ཀྱིས་དེ་ལྟར་གནང་བ་ཡིན་ན་དེས་ཕན་ཚུན་བསྐྱར་བསྒྲིགས་དང་བཟང་ཕྱོགས་ཀྱི་བརྡ་ལན་ཞིག་སྤྲོད་ཐུབ་ཀྱི་རེད་ཅེས་བཀའ་གནང་འདུག འབར་མའི་ཕྱོགས་འགལ་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ཨང་སང་སུ་ཀི་མཆོག་གིས་འབར་མའི་ནང་འཚེ་མེད་ཞི་བའི་ལམ་ནས་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་བར་བརྟེན་ཕྱི་ལོ་༡༩༩༡ལོར་ཁོང་སྙན་གྲགས་ཆེ་བའི་ནོ་བེལ་ཞི་བའི་གཟེངས་རྟགས་འབུལ་བཞེས་བྱུང་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎