༸གོང་ས་མཆོག་ནས་འགོ་ཁྲིད་ལྷན་ཚོཌ་སུ་བཀའ་སློབ་སྩལ་བ།

༧གོང་ས་མཆོག་གིས་འགོ་ཁྲིད་ལྷན་ཚོགས་སྐབས་སྙིགས་དུས་སུ་བདེ་སྐྱིད་འཚོལ་བ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྐྱངས་གནང་བ།

2010.11.19

༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཧིན་རྡུ་སི་ཏན་དུས་བབ་ཅེས་པའི་གོ་སྒྲིག་འོག་འགོ་ཁྲིད་ཀྱི་ལྷན་ཚོགས་ཞེས་པར་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་སྙིགས་དུས་སུ་བདེ་སྐྱིད་འཚོལ་བ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་དྲིན་བསྐྱངས་གནང་འདུག   

དེ་ཡང་༧གོང་ས་མཆོག་གིས་ལུས་སེམས་གཉིས་ཀྱི་སྡུག་བསྔལ་ཡོད་པ་ནས་དེང་ཚན་རིག་དང་དཔལ་འབྱོར་ཡར་རྒྱས་ཕྱིན་པའི་དབང་གིས་ལུས་ཀྱི་སྡུག་བསྔལ་ཕྲན་བུ་ཆུང་དུ་གཏོང་ཐུབ་ཡོད་ཀྱང་ནང་སེམས་ཀྱི་འགྲན་སེམས་དང་ཕྱོགས་ལྷུང་ཕྲག་དོག་སོགས་ཀྱིས་རྐྱེན་པས་ཆུང་དུ་ཕྱིན་མེད་པ་དང་། དེས་ན་ནང་སེམས་ཀྱི་བདེ་སྐྱིད་འགྲུབ་པར་བྱང་སེམས་སྒོམ་གལ་ཆེ་བའི་བཀའ་སློབ་གནང་འདུག དེ་ཡང་ཕྱིའི་དགྲ་བོ་འདུལ་བར་བྱེད་པར་རང་ཉིད་ཀྱི་ནང་གི་ཉོན་མོངས་དུག་གསུམ་འདུལ་དགོས་པ་དང་།    རང་ཉིད་ཀྱི་དགྲ་བོར་ཡང་བྱང་སེམས་སྒོམ་རྒྱུ་གལ་ཆེ་ཡིན་པ་དཔེ་མཚོན་དང་འབྲེལ་འགྲེལ་བརྗོད་གནང་འདུག   

ཡང་ཆོས་ལུགས་རིས་མེད་ལ་དག་སྣང་བྱ་རྒྱུ་དང་། འགྲོ་བ་མིའི་རིགས་གཅིག་འགྱུར་གྱི་འདུ་ཤེས་འཛིན་རྒྱུ་གལ་ཆེའི་སྐོར་གསུངས་གནང་ཡོད་པ་རེད། ཡང་རྒྱ་གར་དང་བོད་ཀྱི་འབྲེལ་བའི་ཐད། དགེ་རྒན་ དགེ་ཕྲུག་གི་འབྲེལ་བ་གཏིང་ཟབ་ཡོད་ཅིང་། བོད་དུ་ནང་པ་སངས་རྒྱས་པའི་བསྟན་པ་རྒྱ་གར་གྱི་མཁས་གྲུབ་དུ་མ་བོད་དུ་བྱོན་ནས་དར་སྤེལ་གནང་བའི་བཀའ་དྲིན་ལས་བྱུང་བ་ཡིན་པའི་སྐོར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག བོད་མི་རྣམས་ནི་དགེ་ཕྲུག་བཟང་པོ་དང་ཡིད་ཆེས་བློས་འགེལ་འཕེར་ངེས་ཞིག་རེད་ཅེས་གསུངས་གནང་འདུག   

༧གོང་ས་མཆོག་བཀའ་སློབ་གྲུབ་མཚམས་ཧིན་རྡུ་སི་ཏན་དུས་བབ་གསར་ཤོག་གི་རྩོམ་སྒྲིག་པ་སེན་ཇེ་ན་ར་ཡན་གྱི་བཏང་འཛིན་འོག་ལྷན་ཚོགས་མགྲོན་འབོད་གནང་བའི་མི་སྣ་རྣམས་ཀྱིས་བཀའ་འདྲི་ཁག་ཅིག་ཞུས་པར་ལན་འདེབས་གནང་འདུག རྒྱལ་བ་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་ཇི་ལྟར་ཡོང་མིན་སྐོར་བཀའ་འདྲི་ཞུས་པའི་ལན་དུ་༧གོང་ས་མཆོག་གིས་ཡང་སྲིད་ངོས་འཛིན་དགོས་མིན་བོད་རྒྱ་ཆེ་མི་མང་གི་ཐག་གཅོད་བྱེད་དགོས་པའི་སྐོར་དེ་སྔ་ལོ་ངོ་བཅུ་ཕྲག་མང་པོའི་གོང་ནས་ཐག་གཅོད་གནང་སྟེ་གསལ་བསྒྲགས་ཟིན་པ་དང་།    ཡང་དེང་༧གོང་ས་མཆོག་གི་ཡང་སྲིད་སྐོར་རྒྱ་ནག་གུན་གྲང་ཏང་གི་གཞུང་གིས་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་སྐོར་སོགས་བཀའ་ལན་གནང་འདུག༎ 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎