སྤྱི་ཚོགས་ནང་བེུད་ཚོས་འགན་འཁུར་ཆེ་ཙམ་ལེན་དགོས་སྐོར།
2009.10.08
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱི་ཚོགས་ནང་བེུད་ཚོས་འགན་འཁུར་ཆེ་ཙམ་ལེན་དགོས་པའི་སྐོར་ནན་བརྗོད་གནང་བཞག
ཁ་ས་ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བདེན་པའཔི་སྒྲོན་མེའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་ཐོག་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་ནས་ཚོགས་ཁང་སྟེང་༸གོང་ས་མཆོག་གི་མཛད་རྗེས་ལ་ཆེ་བསྟོད་དང་༸གོང་ས་མཆོག་ངོ་སྤྲོད་ཀྱི་གསུངས་བཤད་གནང་པའི་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཟེངས་རྟགས་བཞེས་མཁན་རྣམས་ལ་འཚམས་འདྲི་དང་ཐུགས་བརྗེ་ལེགས་འབུལ་གྱི་གསུང་བཤད་གནང་པ་དང་དེ་བཞིན་སྤྱི་ཡོངས་ཐོག་འཛམ་གླིང་སྟེང་ཚང་མས་བྱམས་བརྩེ་དང་གཞན་ཕན་གྱི་ཀུན་སློང་བསྐྲུལ་གལ་ཆེ་བའི་སྐོར་ནན་བརྗོད་གནང་ཡོད་པ་རེད། དམིགས་བཀར་༸གོང་ས་མཆོག་གིས་གསུངས་ན་སྤྱི་ཚོགས་ཞི་བདེ་ལྷིང་འཇགས་གནང་པར་འགྲོ་བ་མིའི་ཀུན་སྤྱོད་ནང་རང་གཅེས་འཛིན་གྱི་བསམ་བློ་གཅིག་པུ་མ་ཡིན་པར་བྱམས་བརྩེ་དང་གཞན་ཕན་གཙོ་བོར་གྱུར་པའི་བཟང་སྤྱོད་ཀྱི་ཀུན་སློང་བསྐྲུན་དགོས་གལ་ཆེ་བ་དང་དེའི་ཐོག་སྤྱི་ཚོགས་ནང་བེུད་ཚོས་དམིགས་བསལ་ལེགས་སྐྱེད་འཇོག་རྒྱུའི་ནུས་པ་ཆེ་བ་ཡོད་པའི་སྐོར་གསུངས་ཡོད་པ་དང་༸གོང་ས་མཆོག་སྐུ་སྒེར་གྱིས་དཔྱད་པ་གནང་བ་ཙམ་མ་ཡིན་པར་དེང་དུས་ཀྱི་ཚན་རིག་ཐོག་ནས་ཀྱང་བེུད་ཀྱི་རང་བཞིན་གྱི་གཤིས་རྒྱུད་ནང་བྱམས་བརྩེ་དང་གཞན་ཕན་གྱི་སེམས་ཚོར་ཆེ་བ་རེད། དེ་དོན་སྤྱི་ཚོགས་ནང་འགྲོ་བ་མིའི་རིན་ཐང་དང་བཟང་སྤྱོད་ཀྱི་ཀུན་སློང་འཕེལ་ཐབས་སུ་བེུད་ཚོས་སྤྱི་ཚོགས་ནང་འགན་འཁུར་ཆེ་ཙམ་ལེན་དགོས་པའི་སྐོར་གསུངས་ཡོད་པ་རེད།