༸གོང་ས་མཆོག་རྒྱ་གར་གྱི་ཐུཌ་སྲས་ཡིན་སྐོར་བཀའ་གནང་འདུག

༸གོང་ས་མཆོག་གིས་བོད་ཀྱི་ནང་ཆོས་རྒྱ་གར་ནས་བྱུང་སྟབས་༧མགོན་པོ་གང་ཉིད་རྒྱ་གར་གྱི་ཐུཌ་སྲས་ཡིན་སྐོར་བཀའ་གནང་འདུག

2009.11.22

༄༅༎བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རྒྱུད་ནང་ཆོས་རྒྱ་གར་ནས་བྱུང་སྟབས་༧མགོན་པོ་གང་ཉིད་རྒྱ་གར་གྱི་ཐུཌ་སྲས་ཡིན་སྐོར་ཁ་ས་ཧིན་རྡ་ས་ལྦ་རཇ་འམ་རྒྱ་གར་གྱི་རང་སྲིད་རང་སྐྱོང་ཞེས་པའི་བལྟ་གྲུབ་དབུ་བརྙེས་གནང་སྟེ་ལོ་བརྒྱ་འཁོར་བའི་རྒྱལ་སྤྱིའི་ལྷན་ཚོཌ་ཀྱི་མཇུག་སྒྲིལ་ཐོག་བཀའ་སྩལ་གནང་མཛད་འདུག  རྒྱ་གར་གྱི་མེས་པོ་ཆེན་པོ་གྷ་དྷིས་འཚེ་མེད་ཞི་བའི་ལམ་ནས་ཧིན་རྡ་ས་ལྦ་རཇ་ཞེས་རྒྱ་གར་གྱི་རང་སྲིད་རང་སྐྱོང་གི་ཀྱི་བལྟ་གྲུབ་འཐབ་རྩོད་དབུ་འཛུཌ་གནང་སྟེ་ལོ་བརྒྱ་འཁོར་བའི་དུས་ཆེན་སྲུང་བརྩི་དང་བསྟུན་ནས་འདི་ཟླའི་ཚེས་༡༩་ནས་ཁ་ས་ཕྱི་ཚེས་༢༢བར་རྒྱལ་སྤྱིའི་ཚོཌ་འདུ་ཞིག་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ས་ལྦ་རཇ་པིཐ་ཞེས་པའི་ཐེབས་རྩ་ཁང་གིས་གོ་སྒྲིག་ཞུས་པ་དང་དེའི་མཇུག་སྡོམ་མཛད་སྒོར་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གདན་ཞུའི་གསོལ་འདེབས་ཞུས་པ་བཞིན་ཞབས་སོར་འཁོད་པ་མ་ཟད་བཀའ་སློབ་བཀྲིན་ཆེ་གནང་མཛད་པའི་ཐོག་མར་སེམས་པ་ཆེན་པོ་གྷན་དྷིའི་མཛད་རྗེས་ཁག་ལ་བསྡཌ་བརྗོད་ཆེན་པོ་གནང་བ་མ་ཟད་ མགོན་པོ་གང་ཉིད་ནི་མེས་པོ་ཆེན་པོ་དམ་པ་གྷན་དྷིའི་རྗེས་འཇུག་གཅིག་ཡིན་སྐོར་དང་རྒྱ་གར་ནི་ཆོས་ལུཌ་འདྲ་མིན་སྣ་ཚོཌ་ལ་དད་གུས་ཡིད་ཆེས་བྱེད་མཁན་རྣམས་འཆམ་མཐུན་མཉམ་ངང་གནས་པའི་རྒྱལ་ཁབ་གཅིག་ཡིན་པ་དང་བོད་ཀྱི་ནང་ཆོས་རྒྱ་གར་ནས་བྱུང་སྟབས་༧མགོན་པོ་གང་ཉིད་རྒྱ་གར་གྱི་ཐུཌ་སྲས་ཡིན་སྐོར་བཀའ་གནང་འདུག  ཡང་༧གོང་ས་མཆོག་ནས་དེ་སྔ་རྒྱ་གར་གྱིས་ནང་པའི་སངས་རྒྱས་པའི་ཆོས་དེ་འབར་མ་དང་ཐེ་ཡེ་ལེན་གྲ་ ཤི་རི་ལང་ཀ་་ ཉི་ཧོང་ ཀོ་རི་ཡ་ རྒྱ་ནག་ བོད་བཅས་པར་དར་འཕེལ་སྒོ་ནས་ཕྱིར་གཙོང་བྱས་པ་བཞིན་དུ་འཚེ་བ་མེད་པའི་ཐབས་ལམ་ཡང་ཕྱིར་ཚོང་རྒྱུ་མང་དག་ཆོད་ནས་ད་ཆ་རྒྱ་གར་ནང་དཀོན་པོ་ཆཌ་ཡོད་སྐོར་གྷན་དྷིའི་བལྟ་གྲུབ་འཛིན་མཁན་དང་མཁས་པ་ རྩོམ་པ་པོ་ སྤྱི་ཚོཌ་ཞབས་ཞུ་བ་སོཌ་རྒྱལ་ཁབ་མི་འདྲ་བ་བཅོ་བརྒྱད་ནས་ཕེབས་པའི་མི་གྲངས་བརྒྱ་ལྷག་ལ་བཀའ་སློབ་སྩལ་གནང་འདུག  ད་རེས་ཀྱི་ལྷན་ཚོཌ་དེ་གོ་སྒྲིག་ཞུ་དོན་གཙོ་བོ་ནི་མེས་པོ་ཆེན་པོ་གྷན་དྷིའི་རྒྱ་གར་གྱི་རང་སྲིད་རང་སྐྱོང་དང་འཚེ་མེད་ཞི་བའི་ཐབས་ལམ་དེ་འཛམ་གླིང་ནང་ཕན་ནུས་ལྡན་པ་ཞིག་བཟོ་ཐབས་སླད་ཡིན་འདུག སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧིན་རྡ་ས་ལྦ་རཇ་ཞེས་པ་བོད་ཡིག་ཐོག་འཕབ་བསྒྱུར་ཐེངས་གཉིས་པ་ཞུས་པ་དེ་ཡང་ཞལ་དབྱེ་ཕྱེ་གནང་མཛད་ཡོད་ཅིང་ཧིན་རྡ་ས་ལྦ་རཇ་ཞེས་པ་བོད་ཡིག་ཐོག་འཕབ་བསྒྱུར་ཞུ་མཁན་ཐེངས་དང་པོ་དེ་ནི་ཨ་མའི་རྨ་ཆེན་བོད་ཀྱི་ཞིབ་འཇུག་ལྟེ་གནས་ཁང་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎