ཆོས་ལུགས་ཀྱིས་དྲང་བདེན་དང་ཞི་བདེ་གོང་འཕེལ་གཏོང་ཕྱོགས།

༧གོང་ས་མཆོག་གིས་ཆོས་ལུགས་ཀྱིས་དྲང་བདེན་དང་ཞི་བདེ་གོང་འཕེལ་གཏོང་ཕྱོགས་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་བརྗོད་གཞིའི་ཐོག་གསུང་གླེང།

2012.05.23

༄༅༎ཁ་ས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨི་ཊ་ལི་ཁུལ་གྱི་གྲོང་ཁྱེར་ཨུ་ཌའེན་ནང་ཆིབས་བསྒྱུར་གྱིས་མི་མང་གསུམ་སྟོང་ཙམ་འདུས་པའི་དབུས་སུ། ཆོས་ལུགས་ཀྱིས་དྲང་བདེན་དང་ཞི་བདེ་གོང་འཕེལ་གཏོང་ཕྱོགས་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་བརྗོད་གཞིའི་ཐོག་ཆོས་ལུགས་གཞན་པའི་དབུ་ཁྲིད་ལྷན་གསུང་གླེང་གནང་འདུག།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་གསུང་གླེང་གནང་མཁན་གྱི་གྲས་སུ་ ཨི་ཊ་ལི་དང་པེ་ལིསི་ཊེན་རིག་གཞུང་ཁང་ཨེལ་ཁུརྡསི་ཡི་ཚོགས་གཙོ་སྦ་སི་མ་ཨ་ལྦརྡ་དང༌། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གནང་མཁན་ཇིའུ་བླ་མའི་ཚོགས་པའི་ཚོགས་མི་ཇེ་རེ་མི་མིལ་གོརོམ། ཨི་ཊ་ལི་ཁ་ཆེའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཕོལོརེན་སི་གྲོང་ཁྱེར་གི་ཁ་ཆེའི་་ཆོས་དཔོན་ཨི་ཛེ་རྡིན་ཨེལ་ཛིན་བཅས་ཡོད་པའི་སྐོར་ སུད་སི་སྐུ་ཚབ་དོན་གཅོད་ཚེ་བརྟན་བསམ་གྲུབ་ལགས་ཀྱིས་གནས་ཚུལ་བཏང་གནང་འདུག།

དེ་ནས་ཉིན་གུང་ལྗགས་སྨིན་གནང་གྲུབ་བསྟུན། ཨུ་ཌའེན་གྲོང་ཁྱེར་སྤྱི་ཁྱབ་ཕུ་རི་ཡོ་ཧོན་སེལ་ཡིས་༧གོང་ས་མཆོག་ ཨི་ཊ་ལིར་ལོ་ལྔའི་རྗེས་བསྐྱར་དུ་ཆིབས་བསྒྱུར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་། ༧གོང་ས་མཆོག་ལ་ཆེ་བསྟོད་ཞུ་ཕྱིར་གྲོང་ཁྱེར་གྱི་ལྡེ་མིག་ཅིག་ཕྱག་རྟགས་སུ་ཕུལ་འདུག། དེ་བཞིན་མངའ་ཁུལ་དེའི་གཙོ་འཛིན་རེན་ཛོ་ཏོན་ཌོ་དང་ཞིང་ཆེན་གྱི་གཙོ་འཛིན་པེ་ཏོརོ་ཕོན་ཊ་ནི་ནོ་རྣམ་གཉིས་ནས་སོ་སོའི་མངའ་ཁུལ་ནང་གི་རིག་གཞུང་དང་ཡུལ་སྐད་གཅེས་འཛིན་བྱ་རྒྱུར་དཀའ་ངལ་འཕྲད་ཀྱི་ཡོད་སྐོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་སེང་ཞུས་གནང་སྟེ། ༧གོང་ས་མཆོག་གི་རླབས་ཆེན་མཛད་རྗེས་ལ་བསྔགས་བརྗོད་དང༌། ཨི་ཊ་ལི་ནང་དགེ་བཤེས་བློ་བཟང་ཕན་བདེ་ལགས་ཀྱིས་ནང་ཆོས་ཁྱབ་སྤེལ་ཐད་ཕན་ཐོགས་ཆེན་པོ་གནང་གི་ཡོད་སྐོར་ཞུས་འདུག། དེ་རྗེས་གསར་འགོད་པ་ཚོར་རྒྱ་ནག་གཞུང་གིས་བོད་ཐོག་དམ་བསྒྲཌ་ཆེན་པོ་བྱེད་བཞིན་ཡོད་པའི་གནས་ཚུལ་ངོ་སྤྲོད་གནང་འདུག།

དེ་ནས་ཉིན་རྒྱབ་འཚེ་མེད་ཞི་བ་དང་སྙིང་རྗེའི་སྐོར་གསུང་གླེང་གནང་ཡོད་ཅིང༌། ཁོར་ཡུག་སྲུང་སྐྱོབ་ཐོག་འཚེ་མེད་ཞི་བའི་ཐབས་ལམ་ཕྱག་བཞེས་གནང་དགོས་དོན་བཀའ་འདྲི་ཞུས་པའི་བཀའ་ལན་དུ། མི་གཞན་གྱིས་ལས་དོན་སྔོན་ལ་བྱས་པའི་རེ་སྒུག་བྱས་ནས་སྡོད་ལོས་བཟོད་ཐབས་མེད་པའི་སྐོར་བཀའ་གནང་སྟེ། ༧གོང་ས་མཆོག་གིས་གློག་དང་ཆུ་སོགས་གྲོན་ཆུང་གནང་གི་ཡོད་སྐོར་བཀའ་གནང་འདུག།

དེ་རིང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ གྲོང་ཁྱེར་ཡུ་ཌའེན་དང་ཀྲིརི་སེ་ཀྲེ་གཉིས་ནང་གི་གཙུག་ལག་སློབ་གྲྭའི་ཆེན་མོའི་སློབ་ཕྲུག་ཚོར་ སེམས་ལ་སྦྱོང་བརྡར་སྤྲོད་ཕྱོགས་སྐོར་བཀའ་སློབ་སྩལ་གནང་མཛད་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎