༧གོང་ས་མཆོག་གིས་ཨ་རིའི་ནང་གི་མཛད་འཕྲིན།

༸གོང་ས་མཆོག་གིས་ཆོས་ལུགས་རིས་མེད་ཀྱི་བཟང་སྤྱོད་དང༌འགྲོ་བ་མིའི་རིན་ཐང་དང་སྤྱི་ཚོགས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད།

2011.05.04

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནུབ་ཕྱོགས་ཀེ་ལི་ཕོར་ནི་ཡ་མངའ་སྡེའི་ནང་ཞབས་སོར་འཁོད་ཡོད་པ་བཞིན་ཁ་ས་སྔ་དྲོ་ལྷོ་ཕྱོགས་ཀེ་ལི་ཕོར་ནི་ཡའི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ ཆོས་ལུགས་རིས་མེད་ཀྱི་བཟང་སྤྱོད་དང༌། འགྲོ་བ་མིའི་རིན་ཐང་དང་སྤྱི་ཚོགས་ ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་བསྩལ་གནང་མཛད་ཡོད་པ་རེད།

སྐབས་དེར་གསར་འགོད་པས་ཨེལ་ཁེ་ཌའི་འགོ་ཁྲིད་ཨོ་ས་མ་བིན་ལ་དེན་རྐྱེན་ལམ་དུ་བཏང་བའི་སྐོར་བཀའ་འདྲི་ཞུ་སྐབས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ བིན་ལ་དེན་ནི་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་སྙིང་རྗེ་དང་བཟོད་སྲན་བྱ་ཡུལ་ཞིག་ཡིན་རུང༌། བཟོད་ཡང་ནི་འདས་ཟིན་པའི་གནས་ཚུལ་བརྗེད་དུ་འཇུག་རྒྱུ་དེ་མིན་པ་དང༌། ཚབས་ཆེའི་གནས་ཚུལ་བྱུང་སྐབས་དེ་ལས་ལྡོག་ཐབས་ཀྱི་ཐབས་ལམ་ངེས་པར་དུ་འཚོལ་དགོས་ཀྱི་རེད་ཅེས་བཀའ་ལན་གནང་འདུག། ༧གོང་ས་མཆོག་གི་གསུང་བཤད་གནང་སའི་མང་ཚོགས་ཁྲོད་ལྷོ་ཀེ་ལི་ཕོར་ནི་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་ཕྲུག་༣༠༠༠ཙམ་ཞིག་ཡོད་པ་དང༌། ཚང་མས་དགའ་གུས་ཆེན་པོའི་ངང་ནས་༧གོང་ས་མཆོག་གི་བཀའ་སློབ་ཉན་ཡོད་པའི་སྐོར་ལོ་སེ་ཨེན་ཇེ་ལེསི་དུས་བབ་གསར་ལམ་གྱིས་གནས་ཚུལ་སྤེལ་འདུག། དེ་བཞིན་༧གོང་ས་མཆོག་ ཀེ་ལི་ཕོར་ནི་ཡར་ཆིབས་བསྒྱུར་མ་གནང་གོང་ཉི་ཧོང་ནས་ཆིབས་ཐོན་གནང་སྐབས་ མགུལ་ཆམ་ཕྲན་བུ་བྱུང་སྟེ་སྨན་པས་སྐུ་ངལ་གསོ་དགོས་པའི་སློབ་སྟོན་ཕུལ་བ་བཞིན་ད་ཆ་མགུལ་ཆམ་བརྙུན་གཞི་དྭངས་ནས་སྐུ་གཟུགས་བདེ་ཐང་ཡོད་ཅེས་གོང་ཞུས་གཙུག་ལག་སློབ་གྲྭ་ཆེན་མོའི་དགེ་ལས་སློབ་ཕྲུག་ཡོངས་ལ་གསུང་བཤད་གནང་སྐབས་༧གོང་ས་མཆོག་གིས་བཀའ་གནང་འདུག།

དེ་རིང་ཀེ་ལི་ཕོར་ནི་ཡའི་མཚོ་ཁའི་གྲོང་ཁྱེར་ལོང་སྦིཆ་རུ་རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གཟེངས་རྟགས་ཤིག་འབུལ་ལམ་ཞུ་གི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎