༸གོང་ས་མཆོག་གིས་ལྟེ་གནས་ཁང་ཞིག་ལ་ཞལ་འདེབས་ཕུལ་བ།

༸གོང་ས་མཆོག་གིས་ཚན་རིག་དང་བྱམས་བརྩེའི་འབྲེལ་བའི་ཐོག་ཉམས་ཞིབ་ལྟེ་གནས་ཤིག་གསར་འཛུགས་གནང་རྒྱུར་ཞལ་འདེབས་གསོལ་སྩལ།

2009.01.26

༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གཙུག་ལག་སློབ་གྲྭ་ཆེན་མོ་ཞིག་གི་ནང་ཚན་རིག་དང་བྱམས་བརྩེའི་འབྲེལ་བའི་ཐོག་ཉམས་ཞིབ་ལྟེ་གནས་ཤིག་གསར་འཛུགས་གནང་རྒྱུར་ཞལ་འདེབས་རྒྱ་ཆེ་ཞིག་གསོལ་བསྩལ་གནང་ཡོད་འདུག

བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འདས་པའི་ལོ་མང་པོའི་རིང་ནང་ཆོས་དང་ཚན་རིག་གཉིས་ཟུང་འབྲེལ་གྱི་ཐོག་ནས་འགྲོ་བ་མིའི་བདེ་སྡུག་གི་བསམ་བློའི་འཁྱེར་གསོའི་ཐོག་དཔྱད་ཞིབ་བྱ་རྒྱུའི་བགྲོ་གླེང་གི་ལྷན་ཚོགས་མང་པོ་ཞིག་ཐོག་ཚོགས་ཞུགས་གནང་ཡོད་པ་རེད། ལྷག་པར་དུ་བོད་ཀྱི་ནང་ཆོས་སློབ་གཉེར་བ་ཚོས་ཚན་རིག་ཐོག་དོ་སྣང་བྱ་དགོས་རྒྱུ་གལ་འགངས་ཆེན་པོ་ཡིན་པའི་དགོངས་གཞིའི་འོག་སེལ་འབྲས་དགའ་གསུམ་ནང་དགེ་འདུན་པ་ཚོར་ཚན་རིག་གི་སློབ་གཉེར་གནང་རྒྱུའི་ལས་འཆར་ཁག་ཅིག་ཀྱང་འགོ་བཙུགས་གནང་ཡོད་བཅས་ཚན་རིག་ཐོག་ཐུགས་སྣང་ཆེན་པོ་གནང་བཞིན་ཡོད་པ་རེད། ལྷག་པར་དུ་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ཚན་རིག་པ་ཚོའི་ལྷན་དུ་བགྲོ་གླེང་མང་པོ་ཞིག་ཀྱང་གནང་མྱོང་ཡོད་པ་བཅས་ཀྱི་བརྒྱུད་རིམ་ནས་ཉེ་ཆར་ཨ་རིའི་ནུབ་བརྒྱུད་ཀེ་ལི་ཕོ་ནི་ཡའི་མངའ་སྡེའི་ནང་ཡོད་པའི་སྙན་གྲགས་ཅན་གྱི་སེ་ཀྲེན་ཕོདྲ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་བྱམས་བརྩེ་དང་གཞན་ཕན་གྱི་ལྟ་གྲུབ་ཀྱི་ཐོག་ཉམས་ཞིབ་ལྟེ་གནས་ཁང་ཞིག་གསར་འཛུགས་གནང་འཆར་ཡོད་པ་དེའི་ཐོག་ཐུགས་འཁུར་ཆེ་བཞེས་ཀྱིས་༸གོང་ས་མཆོག་ནས་ཨ་སྒོར་ཆིག་འབུམ་ལྔ་ཁྲིའི་ཞལ་འདེབས་ཚུལ་དུ་ལྟེ་གནས་ཁང་གི་ལས་འཆར་ཐོག་གསོལ་སྩལ་གནང་ཡོད་ལུགས་གཙུག་ལག་སློབ་གྲྭ་ཁང་གི་འབྲེལ་ཡོད་ནས་འགྲེལ་བརྗོད་གནང་འདུག་ལ་རིང་མིན་༸གོང་ས་མཆོག་ཁུལ་དེར་ཆིབས་བསྒྱུར་གནང་རྒྱུའི་མཛད་འཆར་ཡང་ཡོད་འདུག ལྟེ་གནས་ཁང་དེ་གསར་བཙུགས་ཆེད་ཨ་རིའི་དྲོ་ལར་ས་ཡ་གཉིས་ཙམ་འདུ་འགོད་གནང་གྲུབ་ཡོད་འདུག ལས་འཆར་འདི་བརྒྱུད་ཚན་རིག་གི་ཐོག་ནས་མིའི་བསམ་བློའི་འཁྱེར་གསོའི་ཐོག་ནས་བྱམས་བརྩེ་དང་གཞན་ཕན་གྱི་སྐུལ་སློང་གི་འཕེལ་རིམ་དང་ལྷག་པར་དུ་ནང་བསམ་བློའི་འཁྱེར་གསོའི་ཐོག་ནས་ཀུན་སྤྱོད་ཡར་རྒྱས་གཏང་རྒྱུར་ཕན་ཐོགས་ཡོང་ཐབས་སོགས་ཀྱི་ལས་གཞི་གདིང་རྒྱུ་ཡིན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎