རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་༸གོང་ས་མཆོག་ལ་ཆེ་བསྟོད།

༸གོང་ས་མཆོག་ལ་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་གི་བྱ་དགའ་འབུལ་ལམ་ཞུ་རྒྱུ་ཐུགས་གཏན་འཁེལ་འདུག

2011.03.29

༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་ལོའི་ཕྱི་ཟླ་ལྔ་པའི་ནང་ཨ་མི་རི་ཀའི་ཀེལིཕོརཎིཡའི་མངའ་སྡེའི་གྲོང་ཁྱེར་ལོང་སྦིཆ་ཁུལ་དུ་ཆིབས་སྒྱུར་གནང་སྐབས་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ངོས་ནས་༸གོང་ས་མཆོག་ལ་Shine Light on Human Rights འམ་ འགྲོ་བ་མིའི་ཐོབ་ཐང་ཐོག་སྒྲོན་མེ་སྤར་བ་ཞེས་པའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་དགའ་འབུལ་ལམ་ཞུ་རྒྱུ་ཐུགས་གཏན་འཁེལ་ཡོད་པ་རེད་

གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་ཕན་སྤྱི་ཚོགས་ཀྱི་བདེན་དོན་དང་འགྲོ་བ་མིའི་ཐོབ་ཐང་ཐོག་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས་པ་ཁག་ལ་ཆེ་བསྟོད་ཞུ་བའི་ཆེད་དུ་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དབུ་བརྙེས་ནས་ད་ལོ་མི་ལོ་ལྔ་བཅུ་འཁོར་བའི་དུས་ཚིགས་དང་སྟབས་བསྟུན་ཏེ་ ཕྱི་ཟླ་༥ཚེས་༤ཉིན་གྱི་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བྱ་དགའ་དེ་འབུལ་ལམ་ཞུ་རྒྱུ་ཡིན་འདུག ༸གོང་ས་མཆོག་ལ་གཟེངས་རྟགས་འབུལ་རྒྱུའི་མཛད་སྒོའི་ཐོག་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཨ་མི་རི་ཀའི་སྤྱི་ཁྱབ་ངེས་སྟོན་པ་སྐུ་ཞབས་ལན་རིན་ཁོབ་ཀྱིས་དགའ་བསུའི་གསུང་བཤད་གནང་རྒྱུ་དང་ དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་བཀའ་སློབ་སྩལ་རྒྱུ་ཡིན་འདུག་ལ་ མཛད་སྒོ་དེ་དང་སྟབས་བསྟུན་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་འདུ་ཞིག་ཀྱང་གོ་སྒྲིག་གནང་རྒྱུ་ཡིན་པ་རེད་ རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དེ་བཞིན་དབྱིན་ཇིའི་རྒྱལ་ས་ལོན་ཌོན་ནང་༡༩༦༡ལོར་གསར་འཛུགས་གནང་བ་ཞིག་ཡིན་ནའང་ ཨ་མི་རི་ཀར་ཡང་ཚོགས་པའི་ཡན་ལག་ཡོད་པ་རེད་ ཚོགས་པ་དེའི་དམིགས་ཡུལ་གཙོ་བོ་རྒྱ་ནག་སོགས་འཛམ་གླིང་གི་རྒྱལ་ཁབ་ཁག་གིས་ཆབ་སྲིད་བཙོན་པ་རྣམས་ལ་ཉེས་པ་སྲོག་ཐོག་གཏོང་བའི་ཁྲིམས་དང་ སྲིད་བྱུས་མཚམས་འཇོག་དང་ ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་ཐུབ་པའི་སླད་དུ་འགྲོ་བ་མིའི་ཐོབ་ཐང་དོན་དུ་གཉེར་མཁན་སྒྲིག་འཛུགས་ཤིག་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎