ཇ་མུ་ཀཤི་མིར་ནས་རྙེད་པའི་ནང་པའི་དགོན་པའི་འདྲ་པར།

རྒྱ་གར་བྱང་ཕྱོགས་ཇ་མུ་ཀཤིམིར་ནང་གསར་བརྙེད་བྱུང་བའི་ནང་པའི་མགོན་པའི་འདྲ་དཔར་གྱི་འགྲེམས་སྟོན་ཞིག་དབུ་འབྱེད་གནང་ཡོད་པ་རེད།

2011.04.03

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོནཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལོའི་ནང་། ཉེ་ཆར་རྒྱ་གར་བྱང་ཕྱོགས་ཇ་མུ་ཀཤིམིར་ནང་གསར་བརྙེད་བྱུང་བའི་ནང་པའི་མགོན་པའི་འདྲ་དཔར་གྱི་འགྲེམས་སྟོན་ཞིག་དབུ་འབྱེད་གནང་ཡོད་པ་རེད། ཉིན་གསུམ་རིང་གོ་སྒྲིག་གནང་བའི་འདྲ་དཔར་གྱི་འགྲེམས་སྟོན་དེ་རྒྱ་གར་བོད་དོན་རྒྱབ་བསྐྱོར་བ་དང་གསར་འགོད་པ་སྐུ་ཞབས་ལྦི་ཇེ་ཀ་རན་ཏི་ དང་ཁོང་གི་བུས་གོ་སྒྲིག་གནང་བ་ཞིག་ཡིན་པ་དང་། དེའི་ནང་རྒྱ་གར་བྱང་ཕྱོགས་ཇ་མུ་ཀཤིམིར་གྱི་ཨཀ་ནུར་ས་ཁུལ་དུ་ཡི་ཤུ་མ་འཁྲུངས་ལོ་ངོ་བརྒྱ་ལྷག་གོང་ནང་པ་སངས་རྒྱས་པའི་དགོན་པ་དང་ཆོས་རྟེན་སོགས་ཡོད་པ་དཔར་གྱི་འགྲེམས་སྟོན་དེའི་ནང་སྟོན་ཡོད་པ་རེད། འདྲ་དཔར་གྱི་འགྲེམས་སྟོན་དེར་རྒྱ་གར་བ་མང་པོ་ཞིག་གཟིགས་ཞིབ་གནང་བར་ཕེབས་མཁན་ཁོངས་རྒྱ་གར་དབུས་གཞུང་གི་ལས་བྱེད་པ་དང་ནང་པ་སངས་རྒྱས་པའི་ཆོས་ཐོག་ཉམས་ཞིབ་གནང་མཁན་གཞན་ཡང་རྒྱ་གར་གྱི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་སྦལ་སྦིར་པནཇ་དང་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་མ་རྡན་ལལ་ཤར་མ་སོགས་ཕེབས་ཡོད་པ་རེད། སྐབས་དེར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གདན་ཞུ་ཕུལ་བཞིན་མ་འོངས་པར་གང་ཉིད་ཨཀ་ནུར་ས་ཁུལ་དེར་གཟིགས་ཞིབ་ཏུ་ཕེབས་རྒྱུའི་ཞལ་བཞེས་ཡང་གནང་ཡོད་པ་རེད། གོང་ཞུས་ཀྱི་ས་ཁུལ་དེ་རྒྱ་གར་གྱི་ཇ་མུ་ས་ཁུལ་དུ་ཡོད་པའི་གནས་ཚུལ་ཐོནའདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎