༸གོང་ས་མཆོག་རིང་མིན་ཕེ་རན་སིར་ཆིབས་བསྒྱུར་གནང་འཆར།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ཕྱི་ཟླ་དྲུག་པའི་ཚེས་ཤར་མཚམས་སུ་ཕེ་རན་སིའི་པཱེ་རི་སི་ནང་ཆིབས་བསྒྱུར་བཀྲིན་བསྐྱང་གནང་རྒྱུ།

2009.04.29

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ཕྱི་ཟླ་དྲུག་པའི་ཚེས་ཤར་མཚམས་སུ་ཕེ་རན་སིའི་པཱེ་རི་སི་ནང་ཆིབས་བསྒྱུར་བཀྲིན་བསྐྱང་གནང་རྒྱུ་ཡིན་པ་རེད།

རྒྱ་ནག་གཞུང་གིས་ཇི་ལྟར་གནོན་ཤུགས་སྤྲོད་མིན་ལ་མ་ལྟོས་པར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་དྲུག་པའི་ཚེས་དྲུག་ནས་བདུན་བར་ཉིན་གཉིས་རིང་ཕེ་རན་སིའི་རྒྱལ་ས་པཱེ་རི་སི་ནང་ཆིབས་བསྒྱུར་བཀྲིན་བསྐྱང་གནང་རྒྱུ་ཡིན་ཞིང་སྐབས་དེ་དུས་དེ་སྔ་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་ནང་ཕེ་རན་སིའི་གྲོང་ཁྱེར་སྲིད་གཞུང་གིས་གཏན་འབེབས་གནང་བའི་ཁྲིམས་གཞི་ལྟར་༸གོང་ས་མཆོག་ལ་གྲོང་ཁྱེར་དེའི་མི་སེར་གྱི་མཚན་ཐོངས་ཕྱག་འཁྱེར་འབུལ་ལམ་ཞུ་རྒྱུ་དགྱེས་བཞེས་གནང་རྒྱུ་ཡིན་པ་རེད། དེ་སྔ་པེ་ཅིང་ཨོ་ལིམ་པིག་གི་དཔལ་འབར་པཱེ་རི་སི་ནང་བསྐྱོད་པའི་སྐབས་ཡུལ་དེའི་ནང་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་ཞིག་སྤེལ་བར་བརྟེན་རྒྱ་ནག་དང་ཕེ་རན་སི་ཡུལ་གྲུ་གཉིས་དབར་གྱི་འབྲེལ་བའི་ཐད་གནོད་འཚེ་བྱུང་ཡོད་པ་རེད། ཡིན་ནའང་རིམ་བཞིན་ཡུལ་གྲུ་གཉིས་དབར་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུའི་ཆེད་དུ་ཕེ་རན་སིའི་སྲིད་འཛིན་སཱར་ཀོ་ཛི་མཆོག་གིས་ཕེ་རན་སིའི་གཞུང་འབྲེལ་གྱི་མཐོ་རིམ་དཔོན་རིགས་སོགས་པའི་སྐུ་ཚབ་ཚོགས་པ་ཁག་ཅིག་རྒྱ་ནག་ཏུ་འཚམས་འདྲིར་བཏང་གནང་སྟེ་ཡུལ་གྲུ་གཉིས་ཀྱི་འབྲེལ་ལམ་བསྐྱར་གསོ་བྱུང་ཡོད་པ་རེད། གནས་ཚུལ་ནང་མུ་མཐུད་བཀོད་དོན་ལྟར་ན་ཕེ་རན་སིའི་གྲོས་ཚོགས་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་ཀྱི་གནད་དོན་དེ་ནི་རྒྱ་ནག་ནང་སྲིད་ཀྱི་གནད་དོན་ཞིག་ཆགས་ཀྱི་མེད་པ་དང་བོད་མིའི་འཐབ་རྩོད་དེ་ནི་ཕེ་རན་སིའི་གཞུང་དང་མི་མང་གི་སྐུ་ཚབ་ཚོའི་ངོས་ནས་ཧ་ཅང་གི་གལ་འགངས་དང་རྣོ་ངར་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་རེད་ཅེས་གསུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎