༸གོང་ས་མཆོག་དང་མེ་ཌི་སེན་གྲོང་ཁྱེར་དཔོན་རིགས་མཇལ་བ།

༸གོང་ས་མཆོག་གིས་ཨ་རིའི་མེ་ཌི་སེན་གྲོང་ཁྱེར་གྱི་སྤྱི་ཁྱབ་ནས་བོད་དོན་དང་བོད་མིར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས་ཡོད་པ་རེད།

2008.07.23

༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ལྦི་སི་ཀོན་སིན་མངའ་སྡེའི་མེ་ཌི་སེན་གྲོང་ཁྱེར་གྱི་སྤྱི་ཁྱབ་ནས་བོད་དོན་དང་ས་གནས་སུ་ཡོད་པའི་བོད་མིའི་ལས་དོན་ཐད་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས་ཡོད་པ་རེད།

ཁ་ས་རེས་གཟའ་མིག་དམར་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་ཆོས་གནང་ཡུལ་གྱི་ཚོགས་ཁང་ཆེན་མོའི་ནང་གྲོང་ཁྱེར་གྱི་སྤྱི་ཁྱབ་དང་གནད་ཡོད་ལས་བྱེད་རྣམ་པ་ཚོ་མཇལ་འཕྲད་གནང་བའི་སྐབས་༸གོང་ས་མཆོག་གིས་གྲོང་ཁྱེར་སྤྱི་ཁྱབ་ནས་བོད་དོན་དང་ས་གནས་བོད་མིའི་ལས་དོན་ཐད་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས་ ད་དུང་ཡང་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་ཡང་གནང་ཡོད་པ་རེད་

དེ་ཡང་༸གོང་ས་མཆོག་གིས་གསུངས་ན་ ཁྱེད་རྣམས་པ་ནི་དངོས་ནས་རང་དབང་ཤོར་བའི་མི་མང་ཚོའི་ཐོག་ཐུགས་འཚབ་ཆེན་པོ་གནང་མཁན་ཞིག་ཡིན་པ་དང་ཨ་མི་རི་ཀ་ནི་རང་དབང་དང་མང་གཙོའི་རྒྱལ་ཁབ་ཅིག་རེད་ ས་གནས་གྲོང་སྡེའི་སྤྱི་ཁྱབ་དང་ལས་བྱེད་རྣམས་པས་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན་ཞེས་བཀོད་འདུག

ཡང་གལ་ཏེ་རྒྱ་ནག་གཞུང་གིས་ང་ཚོར་རང་གི་ཆོས་དང་རིག་གཞུང་ སྐད་ཡིག་བཅས་མི་ཉམས་གཅེས་འཛིན་བྱ་རྒྱུའི་འགན་ལེན་ཆ་ཚང་གནང་བ་ཡིན་ན་ང་ཚོ་རྒྱ་ནག་གི་མངའ་འོག་ཏུ་བསྡོད་འདོད་ཡོད་ཅེས་བཀའ་གནང་ཡོད་པ་རེད།

དེ་ག་ནང་བཞིན་ཡང་གྲོང་ཁྱེར་སྤྱི་ཁྱབ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་ཡོངས་ལ་ཞི་བདེ་སྐྲུན་གནང་མཁན་ཞིག་ཡིན་པའི་ཆ་ནས་དེར་མེ་ཌི་སེན་གྲོང་ཁྱེར་ནང་ཆིབས་བསྒྱུར་བསྐྱང་གནང་བའི་སྐབས་ང་ཚོས་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་གུས་བཀུར་ཞུ་རྒྱུའི་ཆེད་དུ་༸གོང་ས་མཆོག་གྲོང་ཁྱེར་དེའི་ནང་ཞུགས་རྒྱུན་རིང་བོད་ཀྱི་རྒྱལ་དར་གྲོང་སྡེའི་ལས་ཁུངས་ཁག་གི་ཁང་པའི་ཐོག་སྟེང་ཏུ་བསྒྲེངས་འཛུགས་གནང་བ་ཡིན་ཞེས་རྒྱ་ནག་གཞུང་ཚབ་ལའང་དེ་ལྟར་གསུངས་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎