༸གོང་ས་མཆོག་གིས་ཨ་ཡར་ལེན་དྲིར་ལམ་སྟོན་བཀའ་སློབ།

དཔལ་འབྱོར་ཉམ་ཉེས་ཀྱི་དཀའ་ངལ་དེར་མང་ཚོགས་ནས་ཡིད་ཆེས་དང་འཕྱར་གྲུ་མཉམ་འདེགས་ཐོག་ནས་གདོང་ལེན་བྱ་དགོས་པའི་སྐོར་།

2011.04.14

༄༅།།སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་ཡར་ལེནདྲ་རྒྱལ་ཁབ་ལ་འཕྲད་བཞིན་པའི་དཔལ་འབྱོར་ཉམ་ཉེས་ཀྱི་དཀའ་ངལ་དེར་མང་ཚོགས་ནས་ཡིད་ཆེས་དང་འཕྱར་གྲུ་མཉམ་འདེགས་ཐོག་ནས་གདོང་ལེན་བྱ་དགོས་པའི་སྐོར་ལམ་སྟོན་བཀའ་སློབ་བསྩལ་གནང་མཛད་ཡོད་པ་རེད་༎

༸གོང་ས་མཆོག་ཚེས་༡༢ཉིན་ཡུ་རོབ་ཀྱི་ཨ་ཡར་ལེནདྲ་རྒྱལ་ཁབ་དུ་ཞབས་སོར་འཁོད་མཚམས་ཁུལ་དེའི་ནང་གཞུང་འབྲེལ་མི་སྣ་དང་ཆོས་ཕྱོགས་ཀྱི་དབུ་འཁྲིད་ལྷན་དང་མཇལ་འཕྲད་ དེ་བཞིན་མང་ཚོགས་ལ་བླང་དོར་གྱི་བཀའ་སློབ་གསུང་བཤད་སོགས་མཛད་རིམ་སྐྱོང་གནང་མཛད་བཞིན་ཡོད་པ་རེད་ ཁ་ས་ཚེས་༡༣ཉིན་༸གོང་ས་མཆོག་ནས་ཨ་ཡར་ལེན་དྲའི་རྒྱལ་ས་ཌབ་ལིན་དུ་ཕྱི་ལོ་༢༠༡༡ལོའི་ནང་འགྱུར་བ་གཏོང་རྒྱུའི་གོ་སྐབས་སྲིད་པ་ཞེས་པའི་ཚོགས་ཆེན་དུ་ཡུལ་དེའི་སྲིད་འཛིན་ཟུར་པ་མཆོག་དང་གཞན་ཡང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་ཟུར་པ་ལྕམ་མེ་རི་རོ་སྦིན་སོན་སོགས་ཀྱིས་གཙོས་མང་ཚོགས་༢༠༠༠ཙམ་ལ་ བླང་དོར་གྱི་བཀའ་སློབ་སྩལ་ཡོད་གནང་ཡོད་པ་རེད་ ༸གོང་ས་མཆོག་གིས་དེང་ཨ་ཡར་ལེནདྲ་རྒྱལ་ཁབ་ནང་དཔལ་འབྱོར་ཉམ་ཉེས་ཀྱི་དཀའ་ངལ་འཕྲད་བཞིན་པ་དེར་མང་ཚོགས་ནང་ཡིད་ཆེས་དང་འཕྱར་གྲུ་མཉམ་འདེགས་ཞུས་ཚེ་དཀའ་ངལ་ལ་གདོང་ལེན་ཐུབ་རྒྱུའི་ཕན་ནུས་ཡོད་པའི་སྐོར་གསུངས་བཤད་སྩལ་འདུག དེ་ཡང་༸གོང་ས་མཆོག་གིས་བདེ་སྐྱིད་ཀྱི་རྒྱུ་གཙོ་བོ་སེམས་ཞི་བདེ་བག་ཕེབས་ཞེས་པ་དེ་དངུལ་གྱིས་བསྐྲུན་མི་ཐུབ་དཔལ་འབྱོར་ལ་མཐའ་གཅིག་ཏུ་སྐྱབས་བཅོལ་བ་ཡིན་ན་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་ངེས་ཡིན་པས་བྱམས་པ་དང་བརྩེ་བར་གཞི་བཅོལ་བའི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐབས་བྱེད་དགོས་པ་དང་ཨ་ཡར་ལེནདྲ་རྒྱལ་ཁབ་ལ་དཔལ་འབྱོར་གྱི་དཀའ་ངལ་འཕྲད་བཞིན་ཡོད་པའི་གནས་སྟངས་འདིར་ ཚང་མས་སེམས་ཤུགས་མ་ཆག་པར་མུ་མཐུད་དཀའ་ངལ་ལ་གདོང་ལེན་བྱ་དགོས་ཞེས་བཀའ་སློབ་སྩལ་གནང་ཡོད་པ་རེད་ ཡང་མང་ཚོགས་ཁག་གཅིག་གིས་དངུལ་ཁང་བདག་པོ་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འགོ་ཁྲིད་ཚོས་བྱེད་སྟངས་མ་འགྲིགས་པར་བརྟེན། ད་ཆ་གོ་ལའི་དཔལ་འབྱོར་གྱི་དཀའ་ངལ་གསར་པ་འཕྲད་བཞིན་ཡོད་སྟབས་ཁོང་ཚོར་བཟོད་བསྲན་བྱེད་དགོས་མེད་ཀྱི་དྲི་བ་ཕུལ་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཟོད་བསྲན་བྱ་རྒྱུ་ཟེར་བ་དེ་དྲན་པ་བརྗེད་དགོས་པའི་དོན་མ་ཡིན་པར་ནོར་འཁྲུལ་བྱེད་མཁན་ཚོར་སྐྱོན་བརྗོད་ངེས་པར་དུ་བྱེད་དགོས་འོན་ཀྱང་སྐྱོན་བརྗོད་དེ་དག་ཕྱོགས་ལྷུང་དང་ཁོང་ཁྲོའི་བསམ་པ་མ་ཡིན་པར་བཟོད་བསྲན་དང་དོན་དམ་གྱི་ངོ་བོའི་ཐོག་ནས་ཡོང་དགོས་པའི་སྐོར་བཀའ་ལན་སྕལ་འདུག དེ་རྗེས་༧གོང་ས་མཆོག་ཀིལ་དྲ་རེ་གྲོང་ཁྱེར་རུ་ཡེ་ཤུའི་བཙུན་མ་ཁག་ཅིག་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་ཆིབས་སྒྱུར་བསྐྱངས་གནང་མཛད་པ་དང་ས་གནས་དེར་རྟེན་གཞི་བྱས་པའི་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་ལྷ་ཁང་དང་ཡེ་ཤུ་གྲུབ་མཐའ་གསར་མ་བའི་ལྷ་ཁང་ནང་ཆིབས་སྒྱུར་བསྐྱངས་ཏེ་ཆོས་ལུགས་སོ་སོའི་བླ་ཆེན་རྣམས་དང་མཇལ་འཕྲད་མཛད་པ་དང་དེ་རྗེས་སེནཏ་སྦིརི་ཇིདྲ་སི་ཞེས་པའི་ལྷ་ཁང་ཏུ་ཆིབས་སྒྱུར་བསྐྱངས་ཏེ་མང་ཚོགས་༧༠༠ཙམ་ལ་བྱམས་བརྩེའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་མཛད་ཡོད་པ་རེད་།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎