༸གོང་ས་མཆོག་ཡོ་རོབ་ཡུལ་གྲུ་ཁག་ཅིག་ཏུ་ཆིབས་བསྒྱུར།

༧གོང་ས་མཆོག་དེ་རིང་ཕྱི་ཟླ་༤ཚེས་༡༢ཉིན་ཡོ་རོབ་ཡུལ་གྲུ་ཨཡེར་ལེནཌ་དུ་ཆིབས་བསྒྱུར་ཞབས་སོར་འཁོད་གནང་མཛད་རྒྱུའི་གནས་ཚུལ།

2011.04.12

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཕྱི་ཟླ་༤ཚེས་༡༢ཉིན་ཡོ་རོབ་ཡུལ་གྲུ་ཨཡེར་ལེནཌ་དུ་ཆིབས་བསྒྱུར་ཞབས་སོར་འཁོད་གནང་མཛད་རྒྱུ་དང་ ཕྱི་ཚེས་༡༣ཉིན་གྱི་སྔ་དྲོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨཡེར་ལེནཌ་གྱི་རྒྱལ་ས་ཌབ་ལིན་དུ་ཚུགས་རྒྱུའི་༢༠༡༡་ལོའི་ནང་གི་གོ་སྐབས་ཞེས་པའི་སྤྱི་ཚོགས་གླེང་སྟེགས་ཀྱི་ཚོགས་མགོན་དུ་དབུ་ཞུགས་ཀྱིས་འཇིག་རྟེན་ཀུན་ཁྱབ་ཀྱི་འགན་འཁུར་ཐོག་འབོད་སྐུལ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གསུང་བཤད་སྩལ་གནང་མཛད་རྒྱུ་དང་ ཚོགས་འདུ་དེའི་ནང་གསུང་བཤད་གནང་མཁན་གྱི་ཁོངས་སུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་ཟུར་པ་ལྕམ་མེ་རི་རོ་བིན་སོན་སོགས་སྤྱི་ཚོགས་བདེ་དོན་ཐད་ཕུལ་བྱུང་ལེགས་སྐྱེས་གནང་མཁན་གྱི་གྲགས་ཅན་མི་སྣ་ཁག་ཅིག་ཀྱང་ཡོད་པ་རེད།

དེ་རྗེས་ཉིན་རྒྱབ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ ཨ་ཡེར་ལེནཌ་གྱི་གྲོང་ཁྱེར་ཀེལ་ཌ་རེའི་ཡེ་ཤུའི་ཆོས་ཁང་ཞིག་ཏུ་བྱམས་སྙིང་རྗེའི་བསམ་པ་སྒྲུབ་ཚུལ་ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་གསུང་བཤད་སྩལ་གནང་མཛད་རྒྱུའི་མཛད་འཆར་ཡོད་པ་དང༌། ཐེངས་འདིའི་ཨཡེར་ལེནཌ་གྱི་ཆིབས་བསྒྱུར་མཛད་འཆར་དེ་དག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་འབྲེལ་ཆེན་པོ་ཡོད་པ་ རི་ཆརཌ་མུར་གྱིས་བཙུགས་གནང་པའི་མེ་འཕེན་དབར་གྱི་བྱིས་པ་ཞེས་པའི་ཐེབས་རྩ་དེས་གཙོ་བོ་འགན་འཁུར་ཞུས་པའི་ཐོག་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་རེད།

དེ་ནས་ཕྱི་ཟླ་༤ཚེས་༡༤ཉིན་ཨཡེར་ལེནཌ་གྱི་གྲོང་ཁྱེར་ལིམ་རིཀ་ཏུ་བཟོད་སེམས་ཀྱི་ནུས་པ་ཞེས་པའི་སྒོ་ནས་མང་ཚོགས་ལ་བཀའ་སློབ་གསུང་བཤད་གནང་རྒྱུའི་མཛད་འཆར་ཡོད་ཅིང་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཨཡེར་ལེནཌ་གྱི་མང་ཚོགས་ཀྱི་མཛད་འཆར་ཡོངས་རྫོགས་དཔལ་ལྡན་སྐུ་སྒེར་ཡིག་ཚང་གི་དྲ་རྒྱ་www.dalailama.comཐོག་ཐད་གཏོང་གནང་རྒྱུ་ཡིན་འདུག།

ཨཡེར་ལེནཌ་གྱི་ཆིབས་བསྒྱུར་གྲུབ་མཚམས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་བྱང་མའི་ཡུལ་གྲུ་སུལྦེ་ཌེན་དང་ཌེན་མརཀ་ཏུ་ཆིབས་བསྒྱུར་ཞབས་སོར་འཁོད་གནང་མཛད་རྒྱུ་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎