ལྦིཏི་ནམ་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་གསར་པའི་སྐོར།

ལྦིཏི་ནམ་གཞུང་དང་བལྟ་སྤྱོད་ཐ་དད་འཛིན་མཁན་ནང་པའི་དགེ་སློང་ཐིཁ་ཁུའང་ཌོ་ཡུལ་དེའི་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཆགས་འདུག

2008.08.17

༄༅༎ལྦིཏི་ནམ་གཞུང་དང་ཆབ་སྲིད་བལྟ་སྤྱོད་ཐ་དད་འཛིན་མཁན་ནང་པའི་དགེ་སློང་ ཐིཁ་ཁུའང་ཌོ་ ཡུལ་དེའི་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཆགས་འདུག

ལྦིཏི་ནམ་ནང་པའི་མཐུན་ཚོགས་ཀྱི་གཙོ་འཛིན་ ཐིཁ་ཧུ་ཡེན་ཁུའང་ ཞུ་བ་ཟླ་བ་སྔོན་འི་ནང་འདས་གྲོངས་སུ་ཕྱིན་པར་བརྟེན་ནས་ལྦིཏི་ནམ་གྱི་རྒྱལ་ས་ཧོ་ཆི་མིན་གྲོང་ཁྱེར་གྱི་ལྷོ་ཕྱོགས་སུ་ཡོད་པའི་ཛེན་ནང་པའི་དགོན་པ་ ཐན་མིན་ཛེན་ གྱི་དགུང་གྲངས་༧༩ཕེབས་པའི་དགེ་སློང་ ཐིཁ་ཁུའང་ཌོ་ མཆོག་ཁ་ས་ལྦིཏི་ནམ་ནང་པའི་མཐུན་ཚོགས་ཀྱི་གཙོ་འཛིན་ཆགས་འདུག ལྦིཏི་ནམ་དམར་པོའི་གཞུང་གི་ཆོག་མཆན་ཡོད་པའི་ནང་པའི་ཆོས་ཚོགས་གྲས་སུ་གོང་ཞུས་མཐུན་ཚོགས་དེར་མ་ཞུགས་པའི་རྐྱེན་གྱིས་གོང་ཞུས་ནང་པའི་ཆོས་ཚོགས་དེར་ཕྱི་ལོ་༡༩༨༠ རྒྱ་གྲངས་ནང་ནས་བཟུང་དམ་བསྒྲགས་བཀག་དོམ་བྱས་པ་མ་ཟད་ ནང་པའི་དགེ་སློང་ཐིཁ་ཁུའང་ཌོ་དང་ཐིཁ་ཧུ་ཡེན་ཁུའང་རྣམ་གཉིས་བཟང་བཙོན་འོག་བཞག་ཡོད་པ་རེད་ ཐིཁ་ཁུའང་ཌོ་མཆོག་ནས་ཕྱི་ལོ་༡༩༨༡ ལོ་ནས་བཟུང་ལྦིཏི་ནམ་གཞུང་གིས་ནང་པའི་ཆོས་ཚོགས་དེ་གཏོར་བཤིག་གཏོང་ཐབས་བྱས་ཀྱང་ ཁོང་ཚོ་ལམ་ལྷོང་བྱུང་མེད་སྐོར་དང་ཕྱི་ལོ་༡༩༧༥ ལོར་ལྦིཏི་ནམ་གྱི་དམག་འཁྲུག་མཚམས་འཇོག་བྱས་པའི་རྗེས་སུ་ཡང་ ལྦིཏི་ནམ་ནང་ཆོས་དད་རང་དབང་མེད་པའི་གནས་ཚུལ་ཐད་འགྱུར་བ་གང་ཡང་ཕྱིན་མེད་པ་དང་ ལྦིཏི་ནམ་གཞུང་གིས་ཁོང་ཚོའི་ཐོག་དྲག་གནོན་བྱེད་བཞིན་ཡོད་སྐོར་ཕེ་རན་སིའི་གསར་ལས་ཁང་ལ་ཞལ་པར་བརྒྱུད་ནས་གསུངས་ཡོད་པའི་གནས་ཚུལ་འདུག།

 

 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎