༧སྐྱབས་རྗེ་ཁྲིག་སེ་རིན་པོ་ཆེ་ཡིས་རྒྱ་གར་གྱི་སྤྱི་དམངས་གཟེངས་རྟགས་མཐོ་ཤོས་གྲས་པདྨ་ཤྲི་འབུལ་བཞེས་གནང་འདུག

2023.04.07
༧སྐྱབས་རྗེ་ཁྲིག་སེ་རིན་པོ་ཆེ་ཡིས་རྒྱ་གར་གྱི་སྤྱི་དམངས་གཟེངས་རྟགས་མཐོ་ཤོས་གྲས་པདྨ་ཤྲི་འབུལ་བཞེས་གནང་འདུག ༧སྐྱབས་རྗེ་ཁྲིག་སེ་རིན་པོ་ཆེ་ཡིས་རྒྱ་གར་གྱི་སྤྱི་དམངས་གཟེངས་རྟགས་མཐོ་ཤོས་པདྨ་ཤྲི་འབུལ་བཞེས་གནང་སྐབས། ༠༤།༠༥།༢༠༢༤
@rashtrapatibhvn

སྤྱི་ཟླ་བཞི་བའི་ཚེས་༥ཉིན་རྒྱ་གར་གཞུང་གི་མཛད་སྒོ་དང་མཉམ་ལ་དྭགས་ཡུལ་གྱི་བླ་ཆེན་༧སྐྱབས་རྗེ་ཁྲིག་སེ་རིན་པོ་ཆེ་ཡིས་རྒྱ་གར་གྱི་སྲིད་འཛིན་(Draupadi Murmu)་མཆོག་གི་ཕྱག་ནས་རྒྱ་གར་གྱི་སྤྱི་དམངས་གཟེངས་རྟགས་མཐོ་ཤོས་བཞི་པ་པདྨ་ཤྲཱི་འབུལ་བཞེས་གནང་ཡོད་པ་རེད། དེ་སྔ་གཟེངས་རྟགས་དེ་ཐོབ་པ་ཐོག་མར་མཚན་འདོན་གནང་སྐབས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཁྲིག་སེ་རིན་པོ་ཆེ་མཆོག་ལ་བཀའ་འདྲི་ཞུས་སྐབས། དེ་ནི་གཙོ་བོ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་ལམ་སྟོན་གནང་བ་བཞིན། ངས་རྒྱ་གར་གཞུང་དང་མི་དམངས་ལ་ཕན་པའི་ལས་ཀ་བྱེད་ཐུབ་པ་བྱུང་བ་ལས་གཟེངས་རྟགས་དེ་ཐོབ་པ་ཡིན་པས་དགའ་ཚོར་བྱུང་བ་གསུངས་ཡོད་པ་རེད།

ཁྲིག་སེ་རིན་པོ་ཆེ་ཡིས་ད་བར་ལ་དྭགས་ཡུལ་མི་ཚོར་ཆོས་ལུགས་མཐུན་སྒྲིལ་གཙོས་སྤྱི་ཚོགས་ཕན་བདེའི་ཕྱག་ལས་མང་དག་ཞིག་གནང་ཡོད་ལ། རྒྱ་གར་གྱི་ཆབ་སྲིད་སྡིངས་ཆ་མི་འདྲ་མང་པོའི་ནང་འགན་འཁུར་གྱི་ཕྱག་ལས་གནང་ཡོད་པར་མ་ཟད། ལ་དྭགས་མང་ཚོགས་ལ་འཕྲད་བཞིན་པའི་བཀའ་སྡུག་གང་མང་སེལ་རྒྱུར་ཞབས་འདེགས་ཞུས་གནང་ཡོད་འདུག ད་དུང་རིན་པོ་ཆེ་མཆོག་གིས་ཕྱི་ལོ་༡༩༩༩ནས་༢༠༠༢བར་རྒྱ་གར་གི་གྲོས་ཚོགས་གོང་མའི་ནང་གྲོས་ཚོགས་འཐུས་མི་ཡང་གནང་མྱོང་ཡོད་པ་རེད།
བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཁྲིག་སེ་རིན་པོ་ཆེ་ལ་དགའ་བསུའི་འཚམས་འདྲི་ཞུས་གནང་བ་དང་། གཟེངས་རྟགས་འདིས་རིན་པོ་ཆེ་མཆོག་གི་སྐུ་ཚེ་ཧྲིལ་པོར་ནང་པ་སངས་རྒྱས་པའི་བསྟན་པར་ཞབས་འདེགས་དང་། དེ་བཞིན་འགྲོ་བ་མིའི་སྤྱི་ཚོགས་ལ་ཕན་པའི་མཛད་རྗེས་རླབས་པོ་ཆེ་བཞག་པ་མཚོན་གྱི་ཡོད་པ་གསུངས་འདུག
ལོ་ལྟར་རྒྱ་གར་གཞུང་གིས་ཕྱི་ཟླ་༡ཕྱི་ཚེས་༢༦སྟེ། རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་ཉིན་མོ་དང་བསྟུན། རྒྱ་གར་ནང་ལ་སྤྱི་ཚོགས་ཞབས་ཞུ་དང་སྲི་ཞུ་ལས་དོན། དེ་བཞིན་ཆོས་ལུགས་མཐུན་སྒྲིལ་དང་། སྤྱི་ཚོགས་དང་མང་ཚོགས་ཀྱི་བདེ་དོན་ཐོག་གཟེངས་སུ་ཐོན་པའི་ཕྱག་ལས་གནང་མཁན་ཁག་ཅིག་ལ། རྒྱ་གར་གྱི་སྤྱི་དམངས་གཟེངས་རྟགས་(Padma Vibhushan)་དང་། (Padma Bhushan) དེ་བཞིན་(Padma Shri)་བཅས་ཀྱི་གཟེངས་རྟགས་འབུལ་སའི་མཚན་འདོན་གནང་སྲོལ་ཡོད་པ་ལས་ད་ཆ་དངོས་སུ་གཟེངས་རྟགས་དེ་འབུལ་བཞེས་གནང་བ་ཡིན་པ་རེད།

image_6483441.JPG


གསར་འགོད་པ། བཀྲ་ཤིས་དབང་ཕྱུག ཀླུ་འབུམ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎