བལ་ཡུལ་ནང་བོད་མི་༡༣འཛིན་བཟུང་བྱས་འདུག

བལ་ཡུལ་གྱི་རྒྱལ་སའི་ནང་གཞོན་ལྷན་གྱི་ཚོགས་མི་༡༣ས་གནས་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ།

2012.02.27

༄༅༎བལ་ཡུལ་གྱི་རྒྱལ་ས་ཀཋ་མན་གྲུའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོས་བདུན་སྔོན་མ་དེར་བོད་མི་གྲངས་ ༡༣ ཡིས་རྒྱལ་ས་ཀཐ་མན་གྲུའི་ནང་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་ངོ་རྒོལ་གནང་བའི་རྗེས་བལ་པོའི་ཉེན་རྟོག་པས་འཛིན་བཟུང་བྱས་པའི་བོད་མི་དེ་དག་གིས་བཙོན་ཁང་ནང་རེས་གཟའ་ཟླ་བ་ཉིན་ཟས་བཅད་ངོ་རྒོལ་གནང་འགོ་བཙུགས་ཡོད་སྐོར་གསུངས་འདུག བལ་ཡུལ་གྱི་བཙོན་ཁང་ནང་བཙོན་འཇུག་ཕོག་པའི་བོད་མི་དེ་དག་གིས་བོད་ནང་རང་ལུས་ཞུགས་འབུལ་གནང་མཁན་རིམ་པ་བྱུང་བའི་དོན་རྐྱེན་དེ་དག་ཐོག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་རྟོག་ཞིབ་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།  བལ་ཡུལ་གྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚེ་དབང་སྒྲོལ་མ་ལགས་ཀྱིས་བལ་པོའི་ཉེན་རྟོག་པས་བོད་མི་རྣམས་བཙོན་འཇུག་བྱས་པ་དེ་འགྲོ་བ་མའི་ཐོབ་ཐང་བརྡལ་བཤིག་བཏང་བར་ངོས་འཛིན་དང་ཁོང་ཚོས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་དེ་སྤེལ་དགོས་དོན་ནི་ཁོང་ཚོ་བཙོན་ཁང་ནས་གློད་བཀྲོལ་ཡོང་ཐབས་ཆེད་གནང་བ་ཞིག་ཡིན་སྐོར་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎