༸གོང་ས་མཆོག་དང་ཨོ་སྦ་མ་མཇལ་འཕྲད་ལ་བོད་ནང་དགའ་ཚོར།

༸གོང་ས་མཆོག་གིས་ཨ་རིའི་སྲིད་འཛིན་མཇལ་རྒྱུའི་མཛད་འཆར་གྱི་གནས་ཚུལ་དེར་བོད་མི་རྣམས་ཀྱིས་དགའ་སྤྲོའི་རྣམ་པ་སྟོན་འདུག

2010.02.18

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཇལ་འཕྲད་གནང་རྒྱུའི་མཛད་འཆར་གྱི་གནས་ཚུལ་དེས་བོད་ཀྱི་ཨ་མདོ་རེབ་ཀོང་མངའ་ཁུལ་གྱི་བོད་མི་རྣམས་ཀྱིས་གནམ་ལ་མཚོན་ཁྲའི་ཤོག་སྦག་སྤར་ནས་དགའ་སྤྲོའི་རྣམ་པ་སྟོན་ཡོད་པ་རེད་

དགེ་འདུན་པ་ཇོ་ཁང་ཞེས་པ་ཞིག་གིས་ངོས་རང་སེམས་གཏིང་ནས་དགའ་སྤྲོ་ཆེན་པོ་ཞེ་དྲག་འདུག ཨ་མི་རི་ཀས་རྒྱ་ནག་གི་སྡིག་བསྐུལ་ལ་གསན་འཇོག་མ་གནང་བར་ང་ཚོའི་དབུ་འཁྲིད་དང་མཇལ་འཕྲད་གནང་རྒྱུ་དེ་ང་ཚོར་གལ་ཆེན་པོ་ཞིག་ཆགས་ཡོད་ཅེས་གསུང་འདུག  ཡང་དགེ་འདུན་པ་བློ་བཟང་ཞེས་པ་ཞིག་གིས་རེབ་ཀོང་མངའ་ཁུལ་གྱི་བོད་མི་གཞན་བཞིན་ང་ཚོས་གནས་ཚུལ་ཆེན་པོ་དང་དེ་མིན་གནས་ཚུལ་གལ་ཆེ་པོ་དེ་འདྲ་བྱུང་སྐབས་རྟེན་འབྲེལ་བྱེད་ཀྱི་ཡོད་ཅེས་གསུང་འདུག ཡང་དགེ་འདུན་པ་བསྟན་ལྡན་ཞེས་པ་ཞིག་གིས་གསར་འགོད་པར་རྒྱ་མི་མི་འབོར་འཐེར་འབུམ་གཅིག་དང་གྲངས་ཆུང་༣ཡོད་པ་དེར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་གཅིག་ཀྱང་ཡོད་པ་མ་རེད་ ང་ཚོ་བོད་མི་ས་ཡ་༦ལས་མེད་པའི་ཁོངས་ནས་གཅིག་ཡོད་པ་དེས་བརྡ་ལན་ཆེན་པོ་ཞིག་བཏང་གི་ཡོད་པ་རེད་ ང་ཚོས་རྒྱལ་བ་རིན་པོ་ཆེར་དགའ་མོས་དེ་འདྲ་བྱེད་ཀྱི་ཡོད་པ་དེ་ཁྱེད་རང་གིས་དཆ་མཁྱེན་ཡོད་ཀྱི་རེད་ཅེས་གསུང་འདུག ཡང་མིང་འདོན་གནང་འདོད་མེད་པའི་བུད་མེད་ཞིག་ཅིག་གིས་༸གོང་ས་༸ཏ་ལའི་བླ་མས་སུ་དང་མཇལ་འཕྲད་གནང་རྒྱུའི་གནས་ཚུལ་དེར་ངོས་རང་སེམས་ནང་དགའ་སྤྲོ་ཆེན་པོ་འདུག ཡིན་ནའང་གཞུང་ཕྱོགས་ནས་ང་ཚོའི་ཐོག་སྲིད་བྱུས་ལག་ལེན་ཇི་ལྟར་དེར་སེམས་འཕྲལ་འདུག་ཅེས་གསུང་འདུག          ཡང་དགེ་འདུན་པ་དར་རྒྱས་ཞེས་པ་ཞིག་གིས་རྒྱ་ནག་གི་སི་སི་ཀྲི་ལྦི་ཞེས་པའི་གཞུང་གི་བརྙན་འཕྲིན་ལས་ཁང་དེས་གོང་ས་མཆོག་དང་ང་ཚོ་བོད་མིའི་ཐོག་གང་བྱུང་གི་གནས་ཚུལ་འཁྱོག་བཤད་བྱེད་ཀྱི་ཡོད་པ་རེད་ ཡིན་ནའང་གོང་ས་མཆོག་གིས་སྲིད་འཛིན་ཨོ་སྦ་མ་མཇལ་འཕྲད་གནང་བ་ཡིན་ན་འཛམ་གླིང་མི་མང་གིས་གནས་ཚུལ་དངོས་འབྲེལ་གང་ཡིན་གསལ་པོ་ཆགས་ཀྱི་རེད་ཅེས་གསུང་འདུག

དལྟའི་འཆར་བོད་ཀྱི་ཨ་མདོ་རེབ་ཀོང་མངའ་ཁུལ་གྱི་བོད་མིའི་ཐོག་རྒྱ་གཞུང་གིས་དམ་བསྒྲགས་ཤུགས་ཆེ་རུ་གཏོང་རྒྱུའི་འཆར་གཞིར་རྫོང་གི་ལས་ཁུངས་ས་ཁུལ་དུ་སྲུང་སྐྱོབ་དཔུང་དམག་གི་ལས་ཁུངས་ཆེན་པོ་ཞིག་གསར་རྒྱག་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎