རང་བཙན་ལས་འགུལ་སྤེལ་མཁན་བོད་མི་༣་རྡ་སར་བདེ་འབྱོར།

བོད་ཀྱི་ཁམས་སྡེ་དགེ་ས་ཁུལ་དུ་རང་བཙན་གྱི་ལས་འགུལ་སྤེལ་མཁན་བོད་མི་གསུམ་ཟླ་བ་སྔོན་མར་བཞུགས་སྒར་དུ་བདེ་འབྱོར་བྱུང་བའི་སྐོར།

2010.12.14

༄༅༎བོད་ཀྱི་ཁམས་སྡེ་དགེ་ས་ཁུལ་དུ་རང་བཙན་གྱི་ལས་འགུལ་སྤེལ་ནས་ཟླ་བ་སྔོན་མར་བཞུགས་སྒར་དུ་བདེ་འབྱོར་བྱུང་བའི་བོད་རིགས་གསུམ་གྱིས་བོད་རིགས་གཞིས་བྱེས་མཉམ་འཛོམས་དང་༧གོང་ས་མཆོག་གི་བོད་གངས་ཅན་གྱི་ཡུལ་དུ་ཞབས་སོར་འཁོད་པར་དམིགས་ནས་རང་བཙན་གྱི་ལས་འགུལ་སྤེལ་བའི་སྐོར་འགྲེལ་བརྗོད་གནང་འདུག་།

བོད་ཀྱི་རྒྱལ་སྤྱིའི་ཆ་འཕྲིན་དྲ་གནས་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན་ ཕྱི་ལོ་༢༠༠༩ལོར་ཁམས་སྡེ་དགེའི་ས་གནས་སུ་རང་བཙན་གྱི་ལས་འགུལ་སྤེལ་མཁན་ཀུན་དགའ་རིན་ཆེན་ལགས་དང་ བློ་བཟང་ནོར་བུ་ལགས་ མཁས་གྲུབ་རྒྱ་མཚོ་ལགས་བཅས་མི་སྣ་གསུམ་འདི་ལོའི་ཕྱི་ཟླ་བཅུ་གཅིག་པའི་ཚེས་༢༩ཉིན་བཞུགས་སྒར་རྡ་རམ་ས་ལར་བདེ་འབྱོར་བྱུང་བ་མ་ཟད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་ཁ་ཀྱང་ཐོབ་གནང་འདུག་། ཁོང་གསུམ་གྱིས་གསར་འགོད་པར་ ཕྱི་ལོ་༢༠༠༩་ལོའི་སྤྱི་ཟླ་༡༡པའི་ཚེས་༡༠ཉིན་ཁམས་སྡེ་དགེའི་ས་ཁུལ་དུ་ བོད་རང་བཙན་གྱི་ཡིག་ཆ་མང་པོ་སྦྱར་བ་དང་ ཤང་གི་ལས་ཁུངས་མདུན་དུ་བོད་ཀྱི་རྒྱལ་དར་གཉིས་བསྒྲེངས་པ་དང་ས་གནས་སུ་ཡོད་པའི་དགོན་གསར་དགོན་པའི་སྒོ་འགྲམ་དུ་བོད་ཀྱི་རྒྱལ་དར་གཅིག་བཙུགས་པ་དང་ ས་གནས་ཀྱི་ཟམ་ཆེན་སྟེང་དུ་རྒྱལ་དར་གཅིག་བཙུགས་པའི་སྐོར་འགྲེལ་བརྗོད་གནང་འདུག་། ཁོང་གསུམ་གྱིས་རང་བཙན་གྱི་ལས་འགུལ་སྤེལ་དགོས་པའི་དམིགས་ཡུལ་གཙོ་བོ་བོད་རིགས་སྤུན་ཟླ་རྣམས་མཉམ་འཛོམས་དང་ ༧གོང་ས་མཆོག་བོད་ནང་ཞབས་སོར་འཁོད་ཐུབ་པའི་དམིགས་ཡུལ་འཛིན་ནས་རང་བཙན་ལས་འགུལ་སྤེལ་བའི་སྐོར་ནན་བརྗོད་གནང་བཅས་ཀྱི་གནས་ཚུལ་སྤེལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎