ཧི་མ་ལ་ཡའི་ཡུལ་མིའི་ཆོས་དང་རིག་གཞུང༌།

སླེ་རུ་ཧི་མ་ལ་ཡ་དང་བོད་དབར་གྱི་ཐུན་མོང་མིན་པའི་ཆོས་དང་རིག་གཞུང་སྐོར་བགྲོ་གླེང་ཚོགས་འདུ་གནང་བ།

2012.10.07

༄༅༎རྒྱ་གར་ཕྱོགས་ལ་དྭགས་ཀྱི་རྒྱལ་ས་སླེ་ནང་དུ་བོད་དང་ཧི་མ་ལ་ཡའི་ཞིབ་འཇུག་པ་མི་གྲངས་བཅིུག་འདུ་འཛོམས་ཀྱིས་དེ་སྔ་བོད་དང་ཧི་མ་ལ་ཡའི་དབར་ཐོུང་མ་ཡིན་པའི་ཆོས་དང་རིག་གཞུང་གི་འབྲེལ་བའི་སྐོར་ལ་བགྲོ་གླེང་ཚོགས་འདུ་གནང་ཡོད་པ་རེད།
དེ་ཡང་བོད་དང་ཧི་མི་ལ་ཡའི་ཆོས་དང་རིག་གཞུང་གི་འབྲེལ་བའི་སྐོར་གྱི་བགྲོ་གླེང་ཚོགས་འདུ་དེ་ནི་ཕྱི་ཟླ་༡༠་ཚེས་༥ ནས་༧ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་འཚེ་མེད་ཞི་བའི་ཐེབས་རྩ་ཁང་ཞེས་པའི་ཚོགས་པས་གོ་སྒྲིག་གནང་བ་ཞིག་ཡིན་པ་དང༌། བགྲོ་གླེང་གི་འདུ་འཛོམས་དེའི་ཐོག་བཙན་བྱོལ་བོད་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཀྱང་མཉམ་ཞུགས་གནང་ཡོད་པ་དང༌། ཚོགས་འདུ་དེའི་ཐོག་ལ། ཐོག་མར་གསུང་བཤད་གནང་མཁན་རྒྱ་གར་གྱི་མངའ་སྡེ་Kashmir ཡི་དགུན་ཁའི་རྒྱལ་ས་Jammu ནང་གི་ཁ་ཆེའི་མཐོ་སློབ་ཁང་གི་འཕྲུལ་རིག་དང་ཚན་རིག་སློབ་དཔོན་བསོད་ནམས་འབྱོར་ལྡན་ལགས་ཀྱིས་བོད་དང་ལ་དྭགས་དབར་གྱི་འབྲེལ་བའི་ལོ་རྒྱུས་སྐོར་དང༌། ད་ལྟའི་འབྲེལ་ལམ་སོགས་སྐོར་གཏམ་བཤད་གནང་ཡོད་འདུག དེ་ནས་བཙན་བྱོལ་བོད་གཞུང་གི་བོད་ཀྱི་སྲིད་ཇུས་ཁང་གི་འགན་འཛིན་བློ་བཟང་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ཐོག་བཙན་འཛུལ་དང་དབང་བསྒྱུར་བྱས་པའི་ལོ་རྒྱུས་དང༌། རྒྱ་ནག་གཞུང་གིས་བོད་དབང་བསྒྱུར་བྱས་པའི་རྗེས་ལ་བོད་ཀྱི་ཁྱིམ་མཚེས་ཡུལ་གྲུ་ཁག་ཐོག་ལ་ཤུགས་རྐྱེན་ཇི་ལྟར་བྱུང་བའི་སྐོར་གཏམ་བཤད་གནང་ཡོད་པ་རེད། དེ་རྗེས་རྒྱ་གར་གྱི་མཁས་དབང་Sangeeta Thapliyal མཆོག་གིས་བོད་དང་བལ་ཡུལ། རྒྱ་གར་བཅས་ཁྱིམ་མཚེས་རྒྱལ་ཁབ་གསུམ་གྱི་འབྲེལ་བའི་སྐོར་དང༌། ཡང་རྒྱ་གར་གྱི་Aunachal མངའ་སྡེ་ནས་ཡིན་པ་སྐུ་ཞབས་Nani Bath ཡིས་བོད་དང་རྒྱ་གར་གྱི་སྔ་རབས་ཀྱི་འབྲེལ་བའི་སྐོར་དང༌། བཙན་བྱོལ་བོད་གཞུང་གི་བོད་ཀྱི་སྲིད་ཇུས་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས། བོད་དེ་བཞིན་རྒྱ་ནག་གཞུང་གིས་དབང་བསྒྱུར་བྱས་པའི་དཀའ་ངལ་དེ་ནི་བོད་མི་རིགས་ཀྱི་དཀའ་ངལ་ཁོ་ན་མ་ཡིན་པར་ཨེ་ཤེ་ཡའི་ཡོངས་ཀྱི་དཀའ་ངལ་ཞིག་ཡིན་སྐོར་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎