ལྷ་ས་གྲོང་ཁྱེར་ནང་བཙོག་ཆུ་གཙང་སེལ་གྱི་ལས་དོན་སྤེལ་རྒྱུ།

ལྷ་ས་གྲོང་ཁྱེར་ནང་དུ་ཐེངས་དང་པོ་བཙོག་ཆུ་གཙང་སེལ་གྱི་ལས་དོན་སྤེལ་རྒྱུ་ཡིན་པའི་སྐོར་གྲོང་ཁྱེར་འཛུགས་སྐྲུན་ལས་ཁང་གིས་བཤད་པའི་སྐོར།

2009.05.03

༄༅༎དེ་རིང་བོད་ཀྱི་རྒྱལ་ས་ལྷ་ས་ནས་རྒྱ་ནག་གཞུང་འབྲེལ་ཤིང་ཧཱ་གསར་ཤོག་ཐོག་གནས་ཚུལ་སྤེལ་བའི་ནང་ལྷ་ས་གྲོང་ཁྱེར་ནང་དུ་ཐེངས་དང་པོ་བཙོག་ཆུ་གཙང་སེལ་གྱི་ལས་དོན་སྤེལ་རྒྱུ་ཡིན་པའི་སྐོར་གྲོང་ཁྱེར་འཛུགས་སྐྲུན་ལས་ཁང་གིས་བཤད་པ་ལུང་འདྲེན་བྱས་ཡོད་པ་རེད།

ཤིང་ཧཱ་གསར་ཤོག་དེའི་ཐོག་མུ་མཐུད་གནས་ཚུལ་སྤེལ་བའི་ནང་ལྷ་ས་གྲོང་ཁྱེར་གྱི་བཙོག་ཆུ་གཙང་སེལ་བྱེད་པའི་ལས་དོན་དེ་ནི་ཕྱི་ལོ་ཉིས་སྟོང་དྲུག་ནས་ཉིས་སྟོང་བཅུ་བར་གྱི་གྲོང་ཁྱེར་གྱི་འཛུགས་སྐྲུན་རྣམ་གྲངས་ནང་གི་གལ་ཆེའི་འཆར་གཞི་ཞིག་ཡིན་པ་དང་འཛུགས་སྐྲུན་གྱི་ལས་གཞི་དེར་རྒྱ་མིའི་སྒོར་མོ་ས་ཡ་བརྒྱ་དང་ཉི་ཤུ་རྩ་གཉིས་ཀྱི་འགྲོ་གྲོན་སྔོན་རྩིས་ཀྱི་འཆར་གཞི་ཡོད་པ་དང་དེ་རྣམས་རྒྱ་ནག་དབུས་གཞུང་གིས་རོགས་སྐྱོར་བྱས་པ་ཞིག་ཡིན་པ་དང་ཐོག་མའི་ལས་ཀའི་འཆར་གཞི་ནི་ཉིན་རེར་བཙོག་ཆུ་ཀྲོན་ཁྲི་ལྔ་ཕྱིར་འདོན་བྱའི་ལས་དོན་ནས་འགོ་འཛུགས་བྱ་རྒྱུ་ཡིན་ལུགས་ད་ལྟའི་བོད་ཀྱི་ལྷ་ས་གྲོང་ཁྱེར་ནང་གི་བཙོག་ཆུ་ཚང་མ་ཐད་ཀར་ལྷ་སའི་སྐྱིད་ཆུའི་ནང་རྒྱུགས་འགྲོ་བ་མ་ཟད་ལྷ་ས་གྲོང་ཁྱེར་ནང་ཉིན་རེ་བཞིན་མི་འབོར་འཕེལ་རྒྱས་དང་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་བརྟེན་ནས་བཙོག་ཆུ་གཙང་སེལ་མ་བྱས་པ་ཡིན་ཚེ་ཁོར་ཡུག་ལ་གནོད་འཚེ་དང་ཉམས་ཆགས་འགྲོ་རྒྱུའི་ཉེན་ཁ་བཟོ་གི་ཡོད་པའི་སྐོར་བཀོད་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎