ཁེ་ཎ་ཌའི་གྲོས་ཚོགས་འོག་མའི་ནང་བོད་རྒྱ་ཞི་མོལ་ཡོང་ཐབས་ཀྱི་གྲོས་འཆར་བཏོན་འདུག

2022.12.14
ཁེ་ཎ་ཌའི་གྲོས་ཚོགས་འོག་མའི་ནང་བོད་རྒྱ་ཞི་མོལ་ཡོང་ཐབས་ཀྱི་གྲོས་འཆར་བཏོན་འདུག ཁེ་ཎ་ཌའི་གྲོས་ཚོགས་འོག་མའི་ནང་འཐུས་མི་སྐུ་ཞབས་(Garnett Genius)་ལགས། ༡༢།༡༣།༢༠༢༢
cpac

འདི་ཚེས་༡༣ཉིན་ཁེ་ཎ་ཌའི་དབུས་གྲོས་ཚོགས་འོག་མའི་ནང་དུ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་(Garnett Genius)་ལགས་ཀྱིས། བོད་རྒྱ་ཞི་མོལ་ཡོང་ཐབས་སུ་ཁེ་ཎ་ཌ་དབུས་གཞུང་གིས་རྒྱབ་སྐྱོར་གནང་དགོས་པའི་གྲོས་འཆར་བཏོན་ཡོད་པ་དང་། དེ་དང་མཉམ་གྲོས་ཚོགས་འོག་མིའི་ཆབ་སྲིད་ཚོགས་པ་ཁག་གི་འཐུས་མི་ཚོས་བོད་དོན་གོ་བསྡུར་དང་དགོངས་ཚུལ་བརྗེ་རེས་ཀྱི་བགྲོ་གླེང་གནང་ཡོད་པ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་(Garnett Genius)་ལགས་ཀྱི་སྤྱི་ཚོགས་དྲྭ་རྒྱའི་སྟེང་གནས་ཚུལ་སྤེལ་འདུག
ཁོང་གི་བོད་དོན་གཏམ་བཤད་ནང་། ཁེ་ཎ་ཌའི་ནང་དུ་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་ཡོད་པ་བཞིན། ཁེ་ན་ཌའི་གཞུང་ནི་མང་གཙོ་དང་འགྲོ་བ་མི་ཡི་ཐོབ་ཐང་། གཞི་རྩའི་རང་དབང་སོགས་ལ་གུས་ཞབས་དང་བརྩི་བཀུར་གནང་མཁན་གྱི་རྒྱལ་ཁབ་ཞིག་ཡིན། རྒྱ་ནག་དམར་ཤོག་གཞུང་བཙུགས་རྗེས་རྒྱ་ནག་གིས་དབང་བསྒྱུར་བྱས་ནས་བོད་མིའི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་གཙོས་བོད་མི་མང་པོ་ཞིག་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་དང་། རྒྱ་ནག་གཞུང་གིས་བོད་ནང་གི་ཆོས་དད་རང་དབང་དང་། འགྲོ་བ་མི་ཡི་ཐོབ་ཐང་། དེ་བཞིན་གཞི་རྩའི་རང་དབང་བཅས་ལ་དམ་དྲག་ཤུགས་ཆེ་རུ་གཏོང་མིན་ལ་མ་བལྟོས་པར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཕུགས་རྒྱང་རིང་པོའི་ཐོག་བོད་རྒྱ་གཉིས་མཉམ་གནས་བྱས་ནས་སྡོད་དགོས་དུས་གཉིས་ཕན་དབུ་མའི་ལམ་བརྒྱུད་ནས་བོད་རྒྱ་ཞི་མོལ་ཡོང་རྒྱུར་རྒྱབ་སྐྱོར་དགོས་པའི་གཏམ་བཤད་གནང་འདུག
ད་དུང་ཁོང་གིས། ཁོང་གྲོས་ཚོགས་འཐུས་མི་ཆགས་ནས་རྒྱ་གར་དུ་༧གོང་ས་མཇལ་རྒྱུའི་གོ་སྐབས་བྱུང་བའི་གནས་སྟངས་ངོ་སྤྲོད་གནང་བ་དང་སྦྲགས། ༧གོང་ས་མཆོག་གི་རླབས་ཆེན་དགོངས་གཞི་དང་ཤེས་རབ་ཀྱིས་སོ་སོའི་དགྲ་ཡིན་མིན་ལ་མ་བལྟོས་པར་ཞི་བའི་ལམ་ནས་དཀའ་རྙོག་སེལ་ཐབས་འབད་བརྩོན་གནང་བ་བཞིན། བོད་མི་ཚོས་ཀྱང་གཅིག་མཚུངས་ཁ་འཐོར་ཡིན་མིན་ལ་མ་བལྟོས་པར་མང་གཙོའི་ལམ་སྲོལ་གཙོ་འཛིན་གནང་བཞིན་བཙན་བྱོལ་བོད་མི་རྣམས་ཀྱིས་སོ་སོའི་འགོ་ཁྲིད་འོས་འདེམས་ཀྱི་ལམ་ནས་བསྐོ་བཞག་དང་། སྒྲིག་འཛུགས་དེ་ཡིས་བོད་མི་ཚོར་གཟིགས་རྟོགས་གནང་བ། བོད་རྒྱ་ཞི་མོལ་ཡོང་རྒྱུར་འབད་བརྩོན་སོགས་གནང་བ་བརྒྱུད་ད་ཆ་རྒྱལ་ཁབ་མང་པོ་ནང་རྒྱབ་སྐྱོར་ཚད་མཐོར་སླེབས་པ་བཅས་ལ་བོད་མི་རྒན་གཞོན་བར་གསུམ་ལ་ཐུགས་རྗེ་ཆེ་ཞུས་འདུག
ད་དུང་རྒྱ་ནག་གཞུང་གི་དབང་བསྒྱུར་འོག་བོད་ནི་ཆེས་རང་དབང་མེད་པའི་རྒྱལ་ཁབ་གཉིས་པ་དེ་ཡིན་པ་ལུངས་འདྲེན་གནང་བ་དང་སྦྲགས། པཎ་ཆེན་རིན་པོ་ཆེ་གཙོས་པའི་ནང་མི་སྐུ་འཁོར་ཚང་མ་གར་སོང་ཆ་མེད་དུ་གྱུར་བའི་གནས་སྟངས་དང་། ༧གོང་ས་མཆོག་གི་མ་འོངས་ཡང་སྲིད་ལ་རྒྱ་ནག་གཞུང་གིས་ཐེ་བྱུས་བྱེད་བཞིན་པ་བཅས་ཚད་ལས་བརྒལ་བའི་དཀའ་ངལ་ཡོད་པ་གཟིགས་ནས་རྒྱབ་སྐྱོར་གནང་དགོས་བའི་གཏམ་བཤད་དང་གོ་བསྡུར་བགྲོ་གླེང་གནང་བ་སོགས་བྱུང་འདུག
མཐའ་དོན་ཉེ་སྔོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས། ཁེ་ཎ་ཌའི་གཞུང་གི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་དང་ལྷན་དུ་ཉན་ཞིབ་གནང་བ་བརྒྱུད། སྐུ་ཞབས་(Garnett Genius)་ལགས་ཀྱིས་གྲོས་འཆར་བཏོན་ནས་རྒྱབ་སྐྱོར་ཐོབ་པ་བཞིན། ད་ཐེངས་གྲོས་འཆར་དེ་ཚེས་༡༤ཉིན་གྲོས་ཚོགས་འོག་མའི་ནང་དུ་རྒྱབ་སྐྱོར་ཐོབ་མིན་ཐག་གཅོད་གནང་རྒྱུ་ཡིན་འདུག


གསར་འགོད་པ། ཨྱོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎