ཨ་རིི་ནང་བོད་པའི་གློག་བརྙན་གྱི་དུས་སྟོན།

ཨ་མི་རི་ཀར་མིག་འགྲུལ་འདྲ་ཞིང་རྟོགས་པར་དཀའ་བའི་བོད་ཅེས་འགོ་བརྗོད་བཀོད་པའི་གློག་བརྙན་ཁག་ཅིགའགྲེམས་སྟོན་བྱ་རྒྱུ་ཡིན་འདུག

2009.06.13

༄༅༎ཨ་མི་རི་ཀའི་ནུབ་ཕྱོགས་མངའ་སྡེ་ཀེ་ལི་ཕོ་ནི་ཡའི་གྲོང་ཁྱེར་སེན་ཊ་སྦར་སྦ་རའི་ཇིའུའི་མཐུན་ཚོགས་ས་དང་ཨ་ཏེ་ཨེཏ་རྡ་ཇེ་སི་སི་ཟེར་བའི་སྒྱུ་རྩལ་ཚོགས་པ་ཐུན་མོང་གིས་ཟླ་བ་འདིའི་ཚེས་བཅུ་བདུན་ཉིན་ས་གནས་ཀྱི་ཇིའུའི་ཚོགས་ཁང་ནང་ཕྱི་དྲོའི་ཆུ་ཚོད་བཞི་པ་ནས་དགོངས་དྲོའི་ཆུ་ཚོད་དགུ་པ་བར་མིག་འགྲུལ་འདྲ་ཞིང་རྟོགས་པར་དཀའ་བའི་བོད་ཅེས་འགོ་བརྗོད་བཀོད་པའི་གློག་བརྙན་ཁག་ཅིག་རིན་པ་སྤྲོད་མི་དགོས་པར་ལྟ་མོ་ལྟ་བར་ཡོང་མཁན་ཚོར་འགྲེམས་སྟོན་བྱ་རྒྱུ་ཡིན་པའི་སྐོར་ས་གནས་ཀྱི་གསར་ཤོག་སེན་ཊ་མ་རི་ཡའི་དུས་བབ་ཅེས་པའི་ནང་ཁེ་ས་གནས་ཚུལ་བཏོན་ཡོད་པ་རེད། བོད་སྐོར་གྱི་གློག་བརྙན་འགྲེམས་སྟོན་ཞུ་རྒྱུའི་ཁོངས་ནས་དང་པོ་དེ་བཙན་བྱོལ་ནང་གི་འབོད་སྒྲའམ་བོད་མི་སྐྱ་སེར་རྒན་གཞོན་བར་གསུམ་གྱིས་བཙན་བྱོལ་ནང་གི་མི་ཚེའི་དཀའ་སྡུག་ལ་བརྩོན་འགྲུས་ཀྱིས་འཐབ་རྩོད་བྱས་པའི་སྐོར་བཅོས་མ་མ་ཡིན་པར་བོད་མི་རང་ཉིད་ཀྱིས་ཉམས་སུ་མྱོང་བའི་ལོ་རྒྱུས་ཨ་འབྲུག་ཚང་བསྟན་འཛིན་དབང་ལྡན་ལགས་ཀྱིས་ངོ་སྤྲོད་བྱས་པ་ཡིན་པ་རེད། གློག་བརྙན་དེར་འཛམ་གླིང་ནང་གནས་འཕྲིན་དྲ་རྒྱའི་ཐོག་ལ་ལྟ་མཁན་ད་བར་ཆེས་མང་པོ་བྱུང་ཡོད་པ་རེད། གློག་བརྙན་གཉིས་པ་དེ་ནི་ལྦིལ་པ་རི་ནེ་ལོ་ཞུ་བས་བཟོས་ཤིང་བོད་དོན་རྒྱབ་སྐྱོར་བ་རི་ཆ་ཌེ་གིཡར་གྱིས་ངག་ཐོག་ནས་འགྲེལ་བཤད་སྐྱོན་པའི་བོད་དང་བལ་ཡུལ་དབར་གྱི་གློ་མོན་ཐང་ཁུལ་དུ་དུས་རབས་བཅོ་ལྔའི་སྐབས་ནས་དར་བའི་བོད་ཀྱི་མནའ་བའི་རིག་གཞུང་དེ་བཞིན་སྟོང་ལ་འགྲོ་བའི་ཉེན་ཁའི་མཚམས་ནས་སྐྱབས་ཏེ་ཉམས་པ་སླར་གསོ་བྱས་ཏེ་ས་གནས་ཀྱི་མི་མང་ཚོས་སོ་སོའི་མནའ་བོའི་རིག་གཞུང་མི་ཉམས་གཅེས་འཛིན་དང་ཉམས་པ་སླར་གསོ་བྱ་ཐུབ་རྒྱུར་རེ་བ་ཡོང་བའི་མཚོན་དོན་དུ་འགྲེམས་སྟོན་བྱས་ཡོད་པ་དང་གློག་བརྙན་གསུམ་པ་དེ་ནི་ལ་དྭགས་ཛངས་དཀར་ནས་འགྲིམ་འགྲུལ་བྱས་པ་ཞེས་པ་དེ་ཡིན་པ་རེད། གློག་བརྙན་དེའི་ནང་བོད་པའི་དགེ་འདུན་པ་ལ་དྭགས་ཛངས་དཀར་ཁུལ་ནས་ཆེས་ཉམ་ཐག་ཅན་གྱི་བོད་ཕྲུག་བཅུ་བདུན་འཁྲིད་དེ་རྒྱ་གར་ནང་བཙན་བྱོལ་བོད་མིའི་སློབ་གྲྭར་སློབ་འཇུག་བྱས་པའི་སྐོར་ད་ལྟའི་ཆར་བཟོ་བསྐྲུན་བྱེད་བཞིན་པའི་བོད་མི་དང་བོད་མིའི་རིག་གཞུང་སྐོར་ཡིན་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎