ཨོ་སི་ལོ་རང་དབང་གླེང་སྟེགས་ཞེས་པའི་ལྷན་ཚོགས་སྐོར།

ཨོ་སི་ལོ་རང་དབང་གླེང་སྟེགས་ཞེས་པའི་ལྷན་ཚོགས་དེའི་ཐོག་ལ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་བོད་མི་གསུམ་མཉམ་ཞུཌ་གནང་བ།

2009.05.19

༄༅༎རེས་གཟའ་ཟླ་བའི་ཕྱི་དྲོ་ནོར་ལྦེའི་རྒྱལ་ས་ཨོ་སི་ལོ་ནང་ཨོ་སི་ལོ་རང་དབང་གླེང་སྟེགས་ཞེས་པའི་འཛམ་གླིང་ནང་ཆབ་སྲིད་ཀྱིས་མནར་གཅོད་ཕོག་པའི་མི་དམངས་ཚོར་དྲན་གསོ་ཞུ་བའི་ལྷན་ཚོགས་དབུ་འབྱེད་མཛད་སྒོའི་དེ་དབྱིན་ཇིའི་རྒྱལ་སྲས་གཞོན་པའི་སྐུ་ཟླ་ཡིན་པ་འགྲོ་བ་མིའི་ཐོབ་ཐང་ཐོག་ཕྱག་ལས་གནང་མཁན་ལྕམ་སེ་རའ་ཕཱར་གུ་སེན་གྱིས་གནང་བ་དང་དངོས་གཞིའི་ལྷན་ཚོགས་ཉིན་དང་པོ་དེ་དེ་རིང་རེས་གཟའ་མིག་དམར་ཉིན་ནས་འགོ་བཙུགས་གནང་ཡོད་པ་རེད།

ལྷན་ཚོགས་དེའི་ཐོག་ལ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ལ་བཙན་བྱོལ་བོད་མིའི་ཁྲོད་ནས་རྒྱ་མིའི་བཙོན་ཁང་ནང་མི་ལོ་སུམ་ཅུ་སོ་གསུམ་ཞུགས་མྱོང་མཁན་སྐུ་ཞབས་དཔལ་ལྡན་རྒྱ་མཚོ་ལགས་དང་ནོར་ལྦེ་བོད་དོན་ཚོགས་པའི་ཚོགས་གཙོ་ཀུ་རིང་ཆུང་བདག་ལགས།དེ་བཞིན་དབྱིན་ཡུལ་ནང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐོག་ཕྱག་ལས་གནང་མཁན་བདེ་ཆེན་སྤེན་པ་ལགས་བཅས་མཉམ་ཞུགས་གནང་སྟེ་བོད་དོན་གོ་རྟོགས་སྤེལ་རྒྱུའི་གོ་སྐབས་བཟང་པོ་ཞིག་ཡིན་པ་ངོས་འཛིན་གྱིས་གཏམ་བཤད་ཀྱང་གནང་བ་དང་ད་དུང་ལྕམ་སེ་རའ་ཕཱར་གུ་སེན་མཆོག་གིས་དེ་སྔོན་བཙན་བྱོལ་བོད་མིའི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལར་འཚམས་འདྲིར་ཕེབས་པ་དང་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་ཞུས་པའི་མྱོང་ཚོར།ལྷག་པར་དུ་རྒྱ་མིའི་བཙོན་ཁང་དུ་མི་ལོ་སུམ་སུ་སོ་གསུམ་སྡུག་སྦྱོང་དང་མནར་གཅོད་མྱོང་མཁན་སྐུ་ཞབས་དཔལ་ལྡན་རྒྱ་མཚོ་ལགས་ནི་འཛམ་གླིང་མི་དམངས་ཚོས་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ཡོང་ཐབས་གདོང་ལེན་བྱ་རྒྱུའི་མིག་དཔེ་ལྟ་འོས་པའི་གལ་འགངས་ཆེ་བའི་དཔེ་མཚོན་གསལ་ཤོས་ཀྱི་མི་སྣ་ཞིག་ཡིན་པའི་སྐོར་གཏམ་བཤད་གནང་ཡོད་པ་རེད། ད་རེས་ཀྱི་ཨོ་སི་ལོ་རང་དབང་གི་གླེང་སྟེགས་ཞེས་པའི་ལྷན་ཚོགས་དེ་ནི་ཉིན་གསུམ་རིང་ཚོགས་ཏེ་རེས་གཟའ་ཕུར་བུའི་སྔ་དྲོ་མཇུག་སྒྲིལ་རྒྱུ་ཡིན་ཞིང་ལྷན་ཚོགས་དེ་ཨ་མི་རི་ཀའི་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ཐེབས་རྩ་ཁང་གིས་གོ་སྒྲིག་གནང་སྟེ་ས་གནས་ནོར་ལྦེ་བོད་དོན་ཚོགས་པ་སོགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་གིས་རྒྱབ་སྐྱོར་གནང་བ་དང་ལྷན་ཚོགས་དེའི་ནང་རྒྱལ་ཁབ་ཁག་སུམ་ཅུ་ཐམ་པ་ནས་འཐུས་མི་མཉམ་ཞུགས་གནང་སྟེ་གལ་ཆེའི་མི་སྣ་ཁག་ཅིག་གིས་གསུང་བཤད་གནང་གི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎