བོད་རང་བཙན་ལས་འགུལ་བྱུང་ཚེ་དམག་མིས་མེ་མདའ་རྒྱབ་ཆོག

སྐྱེ་རྒུ་མདོའི་ནང་བོད་རང་བཙན་དང་འབྲེལ་བའི་ལས་འགུལ་བ་དང་གདོང་ཐུག་བྱུང་ཚེ་བཀའ་ཁྲོ་མེད་པར་མེ་མདའ་བརྒྱབ་ཆོག་གི་ཡོད་པའི་སྐོར།

2010.04.22

༄༅༎ས་ཡོམ་གྱི་གོས་ཆགས་ཕོག་སའི་བོད་ཁམས་སྐྱེ་རྒུ་མདོའི་ནང་རྒྱ་ནག་གི་དམག་མི་ཚོས་གལ་སྲིད་བོད་རང་བཙན་དང་འབྲེལ་བའི་ལས་འགུལ་བ་དང་གདོང་ཐུག་བྱུང་ཚེ་འབྲེལ་ཡོད་གོང་རིམ་གྱི་བཀའ་ཁྲོལ་མི་དགོས་པར་མེ་མདའ་བརྒྱབ་ཆོག་གི་ཡོད་པའི་སྐོར་གནས་ཚུལ་ཐོན་འདུག་༎

ཉེ་སྔོན་ཚེས་༡༤ཉིན་ཡུལ་ཤུལ་རྗོང་དང་སྐྱེ་རྒུ་མདོ་རུ་ས་ཡོམ་གྱི་རྐྱེན་ངན་གོད་ཆགས་ཚབས་ཆེན་བྱུང་སྟེ་བོད་མི་སྟོང་ཚོ་བརྒལ་བར་འཆི་སྐྱོན་དང་རྨས་སྐྱོན་དེ་བཞིན་བོད་མི་བརྒྱ་ཕྲག་མང་པོ་ཤི་སོན་གསལ་རྟོགས་མེད་པར་གར་སོང་ཆ་མེད་དུ་འགྱུར་བའི་རྗེས་ཁ་ས་ཚེས་༢༠ཉིན་སྐྱེ་རྒུ་མདོ་གྲོང་ཁྱེར་རུ་ཕྱོགས་མཐའ་ཁག་ནས་ཕེབས་པའི་དགེ་འདུན་པ་སྟོང་ཚོ་མང་པོས་གསོལ་འདེབས་སྨོན་ལམ་གྱི་འདུ་འཛོམས་གནང་སྟེ་  མྱ་ངན་གྱི་བདུན་ཚིགས་དང་པོ་སྲུང་བརྩི་ཞུས་ཡོད་པ་རེད་ ཨི་པོཀ་དུབ་བབ་Epoch Timesཞེས་པའི་གསར་ཤོག་གི་གནས་ཚུལ་ནང་གསལ་ལྟར་ན་ ས་གནས་ནང་ཡོད་པའི་རྒྱ་མིའི་དམག་མི་ཞིག་གིས་གལ་སྲིད་ས་ཡོམ་ཕོག་སའི་ས་ཁུལ་ནང་རྒྱ་མིའི་དམག་མི་ཚོས་བོད་རང་བཙན་གྱི་ལས་འགུལ་བ་དང་བློ་བུར་ག་ཐུག་རྒྱབ་བ་དང་ཡང་ན་གདོང་ཐུག་བྱུང་ཚེ་འབྲེལ་ཡོད་གོང་རིམ་དཔོན་རིག་ཚོས་བཀའ་ཁྲོལ་མི་དགོས་པར་དེ་མ་ཐག་ཏུ་མི་མདའ་རྒྱབ་སྟེ་དམར་གསོད་གཏོང་སྲིད་པ་རེད་ཅེས་གོང་གསལ་གསར་ཤོག་གི་གསར་འགོད་པར་གསལ་འདོན་བྱས་བཞག དེ་བཞིན་ཡང་Epoch Timesགསར་ཤོག་གི་གནས་ཚུལ་ནང་བཀོད་པར་ ག་སྐྱེ་རྒུ་མདོའི་ས་ཡོམ་གྱི་གོད་ཆགས་ལ་ཐུགས་སྨོན་གསོལ་འདེབས་སླད་༸གོང་ས་ཏ་ལའི་བླ་མ་མཆོག་ས་གནས་ནང་ཆིབས་བསྒྱུར་གནང་འཆར་ཡོད་ལུགས་སྐོར་དཀྲོག་གཏམ་ལ་བརྟེན་ནས་ས་གནས་ཀྱི་བོད་མི་ཚོས་ངང་སྒུག་ཆེན་པོ་བྱེད་བཞིན་ཡོད་པ་དེས་རྒྱ་ནག་གུང་དྲན་ཏང་གི་དཔོན་རིགས་ཚོར་བློ་འཚབ་སྐྱེ་གཞི་ཆགས་ཡོད་པ་རེད་ གནས་ཚུལ་དེ་དག་ལ་བརྟེན་ནས་ད་ཆ་སྐྱེ་རྒུ་མདོ་རུ་མྱུར་སྐྱོབ་དང་ངལ་སེལ་གྱི་རོགས་སྐྱོབས་གནང་མཁན་ཉེ་འཁོར་ས་འབྲེལ་ཁག་ནས་བོད་མིའི་དགོན་སྡེ་གྲ་ཚང་གི་དགེ་འདུན་པ་སྟོང་ཚོ་མང་པོ་འདུ་འཛོམས་ཡོད་པ་རྣམས་སོ་སོའི་དགོན་སྡེ་གྲ་ཚང་ཁག་ལ་བཙན་ཤེད་ཀྱིས་ཕྱིར་ལོག་བྱེད་ཏུ་བཅུག་པ་དང་ཕྱིར་ལོག་བྱེད་དགོས་པའི་བཀོད་ཁྱབ་གཏང་ཡོད་པ་རེད་ སྐྱེ་རྒུ་མདོ་ནས་ཡིན་པའི་དགེ་འདུན་པ་བློ་བཟང་ཞུས་བས་གསུངས་ན་ ས་ཡོམ་གྱི་རྐྱེན་ངན་བྱུང་བའི་རྗེས་ཉེ་འཁོར་བོད་ཀྱི་ས་ཁུལ་ཁག་གི་དགོན་སྡེ་གྲ་ཚང་ནས་དགེ་འདུན་པ་ཁྱོན་༤༠༠༠༠ཙམ་གྱི་མྱུར་སྐྱོབ་ཀྱི་ལས་དོན་ཆེད་སྐྱེ་རྒུ་མདོ་རུ་འབྱོར་ཡོད་པ་དང་ཁ་ས་ཚེས་༢༠ཉིན་ས་གནས་ཀྱི་རྒྱ་མིའི་དཔོན་རིགས་ཚོས་དགེ་འདུན་པ་རྣམས་ཉིན་གཉིས་ནང་ཚུད་ཡོང་ཁུངས་ས་གནས་སུ་ཕྱིར་ལོག་བྱེད་དགོས་པ་མ་ཟད་ དགེ་འདུན་པ་མང་པོ་ཞིག་ལ་ཉིན་དེ་གར་དགོང་དྲོའི་ཚོུད་༤པའི་གོང་ཕྱིར་ཐོན་ཟིན་པ་དགོས་ལུགས་བཙན་བཀའ་བཏང་ཡོད་པ་འགྲེལ་བརྗོད་བྱས་འདུག་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎