རྒྱལ་ཚོགས་ནང་བོད་དོན།
2013.03.13
༄༅། །Switzerland གྲོང་ཁྱེར་ཇི་ནེ་ལྦའི་ནང་འཚོགས་བཞིན་པའི་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་གྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་༢༢སྐབས ཡུ་རོབ་སྤྱི་མཐུན་ཚོགས་པ་དང་། ཨ་རི། ཇར་མན། ཨོས་ཋརི་ཡ། ཅེཀ་སྤྱི་མཐུན་རྒྱལ་ཁབ། སུ་ཝི་ཌན་སོགས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཧ་ཅང་ཛ་དྲག་ཡོད་པར་སེམས་འཚབ་གསལ་བཏོན་གནང་འདུག རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་འདུ་ཐོག་ཕེབས་པའི་ཡུ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་ནས་བོད་ནང་དེང་སྐབས་བོད་མི་མང་པོས་རང་ལུས་མེར་སྲེག་གཏོང་བཞིན་པར་ཡུ་རོབ་མཐུན་ཚོགས་ལ་སེམས་ཁྲལ་ཆེན་པོ་འདུག་ཅེས་ཡུ་རོབ་གྱི་རྒྱལ་ཁབ་༢༧གྱི་ཚབ་ཞུས་ཏེ་གསུངས་འདུག དེ་བཞིན་ཡུ་རོབ་མཐུན་ཚོགས་ནས་རྒྱ་ནག་གཞུང་ལ་བོད་མིའི་མཉམ་དོན་ཕན་ལྡན་པའི་གྲོས་མོལ་བྱ་དགོས་རྒྱུའི་འབོད་སྐུལ་དང་སྦྲགས། བོད་ཁུལ་དུ་རྒྱ་མིས་བཀག་འགོག་མེད་པར་རང་དབང་གི་འགྲོ་འོང་ཆོག་རྒྱུའི་འབོད་སྐུལ་སོགས་ཞུས་འདུག།