རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག་སེལ་རྒྱུའི་རེ་བ་སྟོང་པ།
2010.12.16
༄༅༎བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་ཀྱི་གནད་དོན་བཏང་སྙོམས་སུ་བཞག་སྟེ་རྒྱ་དཀར་ནག་གཉིས་དབར་གྱི་ས་མཚམས་རྩོད་རྙོག་སེལ་རྒྱུའི་རེ་འདུན་བཅངས་པ་དེ་ནི་རེ་བ་སྟོང་པ་ཞིག་ཡིན་སྐོར་ཁ་ས་བཀའ་གནང་འདུག
བཙན་བྱོལ་བོད་གཞུང་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཕྱི་ཟླ་༡༢་ཚེས་༡༥་ཉིན་རྒྱ་གར་གྱི་ཉིན་རེའི་གསར་ཤོག་རྒྱ་གར་གྱི་དུས་བབ་ལ་བཀའ་གནང་དོན་དོན་དངོས་སུ་རྒྱ་དཀར་ནག་གཉིས་དབར་གྱི་ས་མཚམས་ཟེར་བ་ཞིག་མེད་ རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྩོད་རྙོག་ཟེར་བའི་ནང་བོད་ཡོད་རེད་ ས་མཚམས་ཀྱི་རྩོད་རྙོག་སེལ་རྒྱུའི་ཆེད་དུ་རྒྱ་གར་དང་རྒྱ་ནག་ཕྱོཌ་གཉིས་ཀར་ཆབ་སྲིད་ཀྱི་ཆོད་སེམས་དང་འདུན་པ་དགོས་ངེས་ཅན་ཡིན་པ་མ་ཟད་ ཇི་སྲིད་བོད་ཀྱི་གནད་དོན་བཏང་སྙོམས་སུ་བཞག་པའམ་ཇི་སྲིད་བོད་ཀྱི་གནད་དོན་མ་སེལ་གྱི་བར་དེ་སྲིད་དུ་རྒྱ་དཀར་ནག་གཉིས་དབར་བརྟན་དུ་ཞི་བདེ་ཡོང་བའི་རེ་འདུན་བཅངས་པ་དེ་ནི་རེ་བ་སྟོང་པ་ཞིག་རེད་ ཡིན་ནའི་བཙན་བྱོལ་བོད་གཞུང་གིས་ཨེ་ཤི་ཡའི་སྟོབས་ཆེན་རྒྱལ་ཁབ་རྒྱ་གར་དང་རྒྱ་ནག་གཉིས་དབར་འབྲེལ་བ་བརྟན་པོ་ཡོང་བ་དང་མངའ་ཁུལ་དེར་དུས་ཡུན་རིང་པོར་གནས་ཐུབ་པའི་ཞི་བདེ་སྣེ་འཁྲིད་པའི་ཐུཌ་རེ་གནང་བཞིན་ཡོད་ཅེས་བཀའ་སྩལ་གནང་འདུག༎